དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

    ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-25

     རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་ལས་དོན་ལ་ཁ་ལོ་སྒྱུར་བའི་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། ཧུར་བརྩོན་རང་འགུལ་གྱི་བསམ་པ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ལྷན་གྱི་2023ལོའི་ལས་ཀའི་ཕྱོགས་སྡོམ་དང་2024ལོའི་ལས་ཀའི་གཙོ་གནད་གསན་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཙོ་གནད་རྣམ་གྲངས་ལ་དམིགས་པ་དང་གོ་ཆོད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གོ་སྐབས་དམ་འཛིན་ཧུར་ཐག་དང་། སྤྱི་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ་གཏོང་ཕྱོགས་དང་རང་འགུལ་ངང་འབྲེལ་མཐུད། གཙོ་གནད་རྣམ་གྲངས་གསོག་འཇོག་དང་གཙོ་རྒྱུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་ཉིད་མིག་སྔར་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་གཏིང་ཤུགས་མངོན་པའི་འགན་ལེན་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་གཏིང་ཤུགས་མངོན་དམིགས་པ་དང་ཐོན་ལས་ཀྱི་བཀོད་པ་ལེགས་སུ་ཧུར་ཐག་བཏང་ནས“ཐོན་ལས་ཆེན་པོ་དགུའི”འཕེལ་རྒྱས་ལ་དམ་འཛིན་མངོན་གསལ་དོད་པོ་དང་གཙོ་གནད་ཡོད་པ་དང་། ཁག་ཐེངས་དབྱེ་བ། ཚད་བརྒལ་ཡོང་བ། ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་ཐོན་ལས་འཕེལ་རྒྱས་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བཅས་བྱས་ཏེ། བོད་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། ཚོང་གཉེར་ཁོར་ཡུག་ལ་དམིགས་པ་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་ཧུར་ཐག་བཏང་ནས་རང་རྟོགས་ངང་བོད་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ནང་ངོས་སུ་འབྲེལ་མཐུད་དང་ཕྱི་ཕྱོགས་སུ་སྒོ་དབྱེའི་སྤྱིའི་བཀོད་ཇུས་ནང་འཇུག་པ་དང་། སྒྱུར་བཅོས་གཏིང་ཟབ་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཟོག་འགྲེམས་ལས་རིགས་སྐྱེད་སྲིང་མགྱོགས་མྱུར་བྱེད་པ། འགག་གནད་གཤོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ཧུར་ཐག་གཏོང་དགོས། སྒོ་དབྱེའི་ལས་སྟེགས་སྐྲུན་པ་དང་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དེ་བས་ལེགས་པ་ཐུབ་པ་དང་བོད་ལྗོངས་འཛམ་གླིང་ཕྱོགས་སུ་མགྱོགས་མྱུར་སྐྱོད་ཐུབ་པར་བྱེད་དགོས། དམངས་འཚོའི་བདེ་རྩར་དམིགས་པ་དང་དམངས་འཚོ་ལེགས་བཅོས་འགན་ལེན་ཧུར་ཐག་བྱས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱེད་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དམངས་འཚོའི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱེད་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འགན་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་ལས་དོན་ལ་ཞིབ་ལྟ་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་མིག་རྒྱང་ནས་དཔལ་འབྱོར་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པོ་བྱས་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་སློབ་སྦྱོང་དང་། དཔལ་འབྱོར་བེད་སྤྱོད། དཔལ་འབྱོར་དམ་འཛིན་བཅས་མཁས་པོ་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། འཕེལ་རྒྱས་ཀྱི་དཀའ་གནད་གསར་པ་རང་འགུལ་ངང་སེལ་བ། སྒྱུར་བཅོས་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག དཔལ་འབྱོར་ལས་དོན་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་རྒྱུས་ལོན་མཁན་ལ་འགྱུར་བར་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བ་སྐྱེལ་མཁས་པོའི་བསམ་བློ་བརྟན་པོར་བཙུགས་ནས་ནོར་དཔལ་གྱི་སྒྲིག་ཁྲིམས་དང་སྒྲིག་ལམ་མཐའ་གཅིག་ཏུ་ནན་པོ་སྲུང་བ་དང་། སྲིད་ཇུས་ཀྱི་འགག་སྒོ་དང་ཉེན་ཁའི་འགག་སྒོ་ཡག་པོ་སྲུང་བ། ངེས་གཏོང་མིན་པ་དང་གཙོ་གནད་མིན་པའི་གཏོང་སྒོ་ཉུང་དུ་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་ཐད་མ་དངུལ་དེ་བས་མང་བ་སྤྱོད་པ་བཅས་བྱས་ཏེ། ཚད་ཡོད་ཀྱི་ནོར་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དམངས་འཚོའི་ཕན་འབྲས་ཆེ་ཤོས་ཐོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།