དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་བོད་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    ཚེས་20ཉིན་གྱི་སྔ་དྲོར། “བཀྲ་ཤིས་བདེ་ལེགས”ཞེས་པའི་བོད་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་པོར་གཟབ་རྒྱས་ངང་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་པོ་ཁྲེང་དང་། ཀྲང་ཧུང་པོ། བཀྲ་ཤིས་ཟླ་བ་བཅས་ཕེབས་ཡོད་པ་རེད།

    དབང་ཧའེ་ཀྲོའུ་ཡིས། དྲ་རྒྱའི་བརྙན་པར་ནི་དྲ་རྒྱའི་རིག་གནས་ཆེས་ཕུན་སུམ་ཚོགས་པོས་མཚོན་པའི་རྣམ་པ་ཞིག་ཡིན་པ་དང་། དྲ་རྒྱའི་རིག་གནས་བརྒྱུད་སྤེལ་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད། འབྲེལ་ཡོད་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་དགེ་མཚན་ལྡན་པ་དང་། སྐྱོན་བྲལ། ཡར་ཐོན་བཅས་ཀྱི་དྲ་རྒྱའི་རིག་གནས་བཏོད་དེ་དྲ་རྒྱའི་བརྙན་པར་ཐོག་ནས་ཀྲུང་ཧྭའི་རིག་གནས་བརྒྱུད་སྤེལ་གྱི་ཤུགས་རྐྱེན་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་དེ་བས་མང་བར་བོད་ཀྱི་སྐར་ཁུང་འདི་བརྒྱུད་ནས་ཕྱོགས་མི་འདྲ་བ་ནས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་ཤེས་སུ་འཇུག་པ་དང་། ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་བླང་བྱ་གསར་པར་རང་རྟོགས་ངང་འཚམ་མཐུན་ཡོང་བར་བྱས་ཏེ། དྲ་རྒྱའི་རིག་གནས་བརྒྱུད་སྤེལ་གྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་ཡོང་བ་དང་། རྒྱལ་སྤྱི་ཅན་གྱི་སྐད་ཆ་དང་གོ་བརྡ་སྤྲོད་སྟངས་ལ་བརྟེན་ནས་དེ་བས་དོན་དངོས་དང་། གསོན་ཉམས་དོད་པ། འབུར་དུ་ཐོན་པ་བཅས་ཀྱི་སྒོ་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། དྲ་རྒྱའི་ཤེས་དཔལ་དང་དྲ་རྒྱའི་རིག་གནས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས“བོད་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན”གྱི་སྤུས་རྟགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་བཀྲག་མདངས་འཚེར་བར་བྱས་ནས། དྲ་རྒྱའི་བརྙན་པར་བརྩམས་ཆོས་སྤུས་ལེགས་སྔར་བས་མང་བ་བཏོན་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ་དང་། ཀྲུང་ཧྭའི་རིག་གནས་བརྒྱུད་སྤེལ་ཐུབ་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་མ་ཐེབས་པའི་ལས་སྟེགས་གསར་རྐྱང་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།