དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆི་ཡིས་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་2024ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    ཟླ་3ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་2024ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ལྗོངས་ཡོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད།

    ཁྲེན་ཡུང་ཆིས། དམིགས་ཚད་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ད་ལོ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་གཙོ་གནད་ལས་འགན་ཁག་ཏན་ཏིག་སྒྲུབ་དགོས། རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་བྱ་སྤྱོད་ཀྱི་ཇུས་གཞི་དང་། ལག་རྩལ་གྱི་ལམ་ཕྱོགས། འཕེལ་རིམ་གྱི་བླང་བྱ་བཅས་གཏན་འཁེལ་བྱེད་པ། དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྦྲེལ་མཐུད་དང་སྤྱི་ཡོངས་ལ་ཁྱབ་པར་བྱེད་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་འགོ་འཛུགས་སར་བརྩིས་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ། སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པ་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ནུས་པ་ཅུང་ཆེ་བའི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་གཅིག་ཇུས་འགོད་ལག་བསྟར་བྱས་ནས། མང་ཚོགས་གཞིས་ཆགས་ཐུབ་པ་དང་ཕྱུག་འགྱུར་ཐུབ་པའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་གཏོད་དགོས། མཐའ་མཚམས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་ཁག་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་དུས་ཐོག་ཏུ་ལག་བསྟར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གཅིག་སྡུད་སྒྲོག་འགྲེལ་དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྲིད་ཇུས་སྒྲོག་འགྲེལ་དང་འགྲེལ་བཤད་རྒྱག་པའི་ལས་དོན་གནད་སྨིན་སྤེལ་དགོས། རྗེས་མཐུད་ཀྱི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་མུ་མཐུད་དོ་ཁུར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག སེམས་ཁྲལ་བཅས་ཀྱི་གནད་དོན་དུས་ཐོག་ཏུ་སེལ་དགོས། འགན་འཁྲི་སྔར་བས་ནན་དཀྲིས་དང་། བརྒྱུད་རིམ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་དོན་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ཆད་ལུས་མེད་པར་ལེགས་སྒྲུབ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།