ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་སོལ་རླངས་མདོང་ལམ་ཆེད་དོན་བཅོས་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་དང་ཡིག་འབུལ་ཞུ་བཅར་ལས་དོན་སོགས་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་སོལ་རླངས་མདོང་ལམ་ཆེད་དོན་བཅོས་སྒྲིག་ལས་དོན་ལ་དམ་འཛིན་གཏིང་ཟབ་དང་ཡག་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཏན་ཏིག་སྤེལ་དགོས། འགན་འཁྲིར་དམ་འཛིན་གྱིས་བདེ་འཇགས་ཐོན་སྐྱེད་ཐད་རིག་པ་ལྕགས་སྐུད་བཞིན་བསྒྲིམས་ནས་ཉེན་ཁ་ཆེ་སར་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་ཚབས་ཆེན་སེལ་བ། ལས་འཛོལ་ཚབས་ཆེན་སྔོན་འགོག་བཅས་ལ་དམིགས་པ་དང་། གྲོང་ཁྱེར་གྱི་མདོང་ལམ་ནང་གི་སོལ་རླངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཐིལ་རྟོགས་ཆེན་པོ་དང་། གྲལ་བཤེར་ཆེན་པོ། བཅོས་སྒྲིག་ཆེན་པོ་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ། གཙོ་གནད་ལས་རིགས་ཁྱབ་ཁོངས་སུ“དོ་དམ་གསུམ་དང་ངེས་པར་དུ་གསུམ”དང“སུས་གཙོ་འགན་འཁུར་ན་དེས་སྣེ་ཁྲིད་པ་དང་། སུ་གཙོ་བོ་ཡིན་ན་དེས་སྣེ་ཁྲིད་པ། སུ་དང་ཐག་ཉེ་ན་དེས་སྣེ་ཁྲིད་པ་བཅས”ཀྱི་རྩ་དོན་ལ་གཞིགས་པ། གསལ་ཐོ་ཅན་དང་། འགན་འཁྲི་ཅན། གོ་ཆོད་ཅན་བཅས་ཀྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། རྒྱུན་འཁོར་ཧྲིལ་པོར་རང་འགན་གཙང་སྒྲུབ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་དེ་གནད་དོན་དངོས་ལ་ལྟ་བ་དང་ཞིབ་བཤེར་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། རྨང་གཞི་བརྟན་གཏོང་གིས་ཆད་སྐྱོན་དང་ཞན་ཆར་དམིཊ་ཏེ་ནང་ངོས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་དང་། རྩ་བཅོས་བྱ་ཐབས་དོན་འཁྱོལ། གནད་དོན་ཐག་གཅོད་དངོས་འབྲེལ་བཅས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་གཏོང་དགོས།
ཚོཊ་འདུའི་ཐོག་བསྟན་དོན། ལས་བྱེད་པ་དང་ལས་བཟོར་གསོ་རླུང་སྤྱོད་རྒྱུ་ཡོང་བར་འགན་ལེན་བྱེད་པའི་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུཊ་ཁུར་གཟབ་བཞེས་གནང་བའི་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་ཡིན་པས། བྱ་བ་བཟང་པོ་དང་བྱ་བ་དངོས་ཏན་ཏིག་བསྒྲུབས་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་མུ་མཐུད་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་འབད་འབུངས། བློ་བདེ་ལས་བརྩོན། རྩ་བ་ཚུགས་ནས་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་ཚོང་གཉེར་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཀྱི་ཁང་པ་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་ཨར་ལས་འོས་སྐུལ་འོས་དཔོད་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ“རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད”ཀྱི་བྱ་ཐབས་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས།
ད་དུང་ཚོགས་འདུའི་ཐོག་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་དེ་གྲོང་གསེབ་ཕྱོངས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།