དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-21

     ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་འདི་ལོ་དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་ལས་འགན་ཁག་ཚན་རིག་དང་མཐུན་པའི་ངང་ལག་བསྟར་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་། གནད་སྨིན་རང་བཞིན། དངོས་ཕན་རང་བཞིན་བཅས་མཐོར་གཏོང་དང་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ་དང་། ཁྲིམས་སྲུང་དང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་དོན་འཁྱོལ་ཡག་པོ་དང་དུས་བཀག་ནང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་ནན་པོ་བྱས་ཏེ“ཞིང་འབྲོག་ཁུལ་གྱི་ཁྲིམས་སྦྱོང་དང་ཁྲིམས་སྤྱོད་ཀྱི་དཔེ་སྟོན་དུད་ཚང”2500སྐྱེད་སྲིང་གཏན་འཁེལ་དང་སྒོ་བྱང་འགེལ་བའི་ལས་དོན་ཁག་གཙོ་གནད་ཐོག་ལེགས་སྒྲུབ་ཡོང་བར་བྱས་ནས“གྲོང་ཚོའི(གྲོང་ལྷན)ཁྲིམས་ལུགས་བློ་འདྲི་བ་གཅིག་དང་ཁྲིམས་ལུགས་ཤེས་མཁན་ཁག་གཅིག”གི་བྱ་སྤྱོད་སོགས་ཏན་ཏིག་ངང་སྤེལ་ཏེ་གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།