དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་2024ལོའི་གཙོ་གནད་ལས་དོན་གྱི་ཆེད་དོན་ཞིབ་འཇུག་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-21

     ཚེས་18ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས《བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་2024ལོའི་ལས་ཀའི་གཙོ་གནད》ནང་གི་རྩ་འཛུགས་སྡེ་ཚན་དང་འབྲེལ་བ་ཡོད་པའི་ཞིབ་ཕྲའི་ལས་དོན་དང་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་ཐོག་གཏན་འཁེལ་ཁ་གསལ་བྱས་པའི་གཙོ་གནད་ལས་འགན་ལ་ཆེད་དོན་ཞིབ་འཇུག་བྱས་ནས་དོན་འཁྱོལ་བྱེད་ཐབས་བཀོད་སྒྲིག་གནང་བ་རེད།

    ལའེ་ཅའོ་ཡིས། འདི་ལོའི་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ཤུགས་རྒྱག་ས་གཙོ་བོའི་ཁ་ཕྱོགས་གསལ་པོ་བཟོས་ཡོད་པས་ཞིབ་འཇུག་འཆར་འགོད་ལ་ཤུགས་སྣོན་དང་། བྱེད་ཐབས་ཀྱི་ངེས་གནས་གནད་དུ་འཁེལ་བ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བཅས་བྱས་ནས་འགན་ནུས་དང་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་ཐབས་ལམ་དང་། དུས་ཚོད་རེའུ་མིག འགན་འཁུར་མཁན་བཅས་དུས་ཚོད་དམ་འཛིན་གྱིས་འཐུས་སྒོ་ཚང་དུ་བཏང་ནས་ལས་འགན་ཁག་དུས་རིམ་གྱི་མྱུར་ཚད་ལྟར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་འགན་ལེན་བྱེད་དགོས། མུ་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལག་བསྟར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གང་བཤད་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བ་བྱ་རྒྱུ་དེ་གཞི་རྩའི་ལས་ཀའི་ཚད་གཞིར་འཛིན་པ། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་ལ་བརྟེན་ནས་རྩ་འཛུགས་ལས་དོན་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “གཙོ་གནད་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་དང་། གསར་གཏོད་ལས་དོན་སྔོན་ལ་དམ་འཛིན། རྒྱུན་གཏན་གྱི་ལས་དོན་རྒྱུན་དུ་ནས་དམ་འཛིན་བཅས་བྱེད་པའི”བླང་བྱ་དོན་འཁྱོལ་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། མཁས་འདེམས་འཇོན་བསྐོ། རྨང་རྩ་གཉིས་བརྟན། སྒྲིག་གཞིའི་སྒྲིག་བཟོ། ཁ་གཏད་རོགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་དང་གཅིག་སྡུད། ཏང་ཡོན་དཔུང་ཁག རང་ངོས་འཛུགས་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་རྩ་འཛུགས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱས་ནས་རྩ་འཛུགས་སྡེ་ཚན་ལ་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།