ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་18ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཏང་ཀྲུང་དབྱང་གི་ཉེ་དུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྲིད་གཞུང་གི་ལས་དོན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་ཤིང་། ཆབ་སྲིད་ཀྱི་རང་བཞིན་དང་། མཛུབ་ཁྲིད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། ནང་མཁོའི་མངོན་མེད་སྟོབས་ཤུགས་སྔོག་འདོན་ལ་དམ་འཛིན་ནན་པོ་བྱས་ནས་སྲིད་ཇུས་དོན་འཁྱོལ་རྗེས་འདེད་དང་གཞི་གྲངས་མཐིལ་རྟོགས་བྱས་ཏེ། སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་བརྗེས་བྱས་ནས་ནང་མཁོའི་ཁྲོམ་རར་སྐུལ་འདེད་གཏོང་བ་དང་། “བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཅེས་པའི་འཛད་སྤྱོད་ཆེར་བསྐྱེད་ཀྱི་ཆེད་དོན་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ནས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་སོགས་ཚོང་ཟོག་འབོར་ཆེན་འཛད་སྤྱོད་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་ཀྱི་བྱ་སྤྱོད་ཇུས་འགོད་ཡག་པོ་བྱས་ཏེ། དགོས་མཁོ་ཡོད་པའི་བཟོ་ལས་ཁེ་ལས་ཀྱིས་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ། དཔེ་དབྱིབས་གསར་པ་བཅས་སྤྱད་ནས་ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། འཁོར་འབྲེལ་ཧྲིལ་པོ་བཅས་ཀྱི་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་དགོས་པ། ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་ཡག་པོ་བཟོ་བ་དང་། དེང་རབས་ཀྱི་ཚོང་དོན་འགྲོ་རྒྱུག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ནུས་ལྡན་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་གནད་སྨིན་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་རྒྱུན་མཐུད་ངང་འཛུགས་གཏོད་གཏིང་ཟབ་བྱེད་དགོས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྐོར་གཟིགས་དག་ཐེར་ལ་དམ་འཛིན་ནན་པོ་དང་། གསལ་ཐོ་ཅན་གྱི་དོ་དམ་ལག་བསྟར། རྒྱུན་གཏན་གྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཙོ་གནད་དག་ཐེར་གྱི་ལས་འགན་སྒྲུབ་པར་ལྟ་སྐུལ་དང་། རྣམ་གྲངས་རེ་རེ་བཞིན་ལ་ཞིབ་དཔྱད། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱེད་དགོས། ལས་བྱེད་པ་གསོ་སྐྱོང་ལ་དམ་འཛིན་ནན་པོ་དང་སློབ་གསོའི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ན་གཞོན་ལས་བྱེད་པས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དད་མོས་ཆེ་བའི་ལག་བསྟར་བ་དང་། ཏང་ལ་བློ་དཀར་སེམས་དཀར་དང་གཞུང་དྲང་བའི་དཔེ་བཟང་ལག་བསྟར་བ། དམངས་ལ་བདེ་སྐྱིད་བསྐྲུན་པར་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན། འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་འདོད་པའི་འབད་འཐབ་པ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོར་སྐུལ་འདེད་ནུས་ལྡན་གཏོང་མཁན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག སྲིད་གཞུང་ཏང་ཙུའི་2024ལོའི་ལས་དོན་གཙོ་གནད་ལ་གྲོས་འཆམ་བྱུང་བ་རེད། ཡན་ཅིན་ཧའེ་ཡིས། ལས་ཀའི་གཙོ་གནད་ནི་སྲིད་གཞུང་ཏང་ཙུའི་ལས་དོན་གྱི“ལས་འགན་ཡི་གེ”“ལམ་ཐིག་རི་མོ”ཡིན་པས། བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་གྱིས་སྲིད་གཞུང་ཏང་ཙུའི་ལས་དོན་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། “ལྷག་བསམ”རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ནས“ཡོད་པ་བདུན”ལ་ཞིབ་བསྡུར་གྱིས་རང་སེམས་རང་གཅུན་དང་དཔུང་ཁག་ལ་ཞིབ་བརྟག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བ་དང་། ཏང་ཀྲུང་དབྱང་གིས་བཀའ་འབེབས་པ། ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་གནང་བ་བཅས་བྱས་ཚེ་སྲིད་གཞུང་ཏང་ཙུའུ་ཡིས་བྱ་སྤྱོད་སྤེལ་ཐུབ་པ་དང་། དོན་འཁྱོལ་ཐུབ་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། “སྒྲུབ་པ”ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། རང་འགུལ་ངང་ལས་འགན་ངོས་འཛིན་རྩིས་ལེན་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགན་འཁྲི་འཁུར་ཕོད་པ་དང་། དཀའ་ངལ་ཁྱད་དུ་བསད་ཕོད་པ། འགན་འཁྲི་ལྕི་པོ་འཁུར་ཕོད་པ། ཉེན་ཁར་ཁ་གཏད་གཅོག་ཕོད་པ་བཅས་བྱེད་དགོས་པ་དང་། དར་ཆ་གསལ་སྟོན་གྱིས་འགན་འཁྲི་འཁུར་མཁན་ལ་འགན་ཁུར་ནས་ལས་བྱེད་པས་བྱེད་ཕོད་པ་དང་། ས་གནས་ཀྱིས་གཏོད་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། “སྤྱོད་གཙང”རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ཏེ། རང་གཅུན་ནན་པོ་དང་། རང་འགན་ནན་ཁུར། མངའ་ཁོངས་ལ་དོ་དམ་ནན་པོ་བཅས་བྱས་ནས། གཙང་ཞིང་དྲི་མ་མེད་པའི་བློ་མཐུན་དབར་གྱི་འབྲེལ་བ་དང་། ཚུལ་ལྡན་ལུགས་མཐུན་གྱི་གོང་འོག་དབར་གྱི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།