ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སློབ་འབྲིང་དང་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་དུ་ཕེབས་ནས་སློབ་དུས་གསར་པའི་སློབ་གསོ་སློབ་ཁྲིད་དང་བདེ་འཇགས་དོ་དམ་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།
སྟག་རྩེ་ཆུས་སློབ་འབྲིང་དང་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་དུ་ལིའུ་ཅང་སློབ་ཁང་དང་། ཀུན་སྤྱོད་སློབ་གསོའི་ཁྱམས་རིང་། བྱེད་སྒོའི་ལྟེ་གནས། སློབ་གྲྭའི་ཟ་ཁང་སོགས་སུ་ཕེབས་ནས་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། སློབ་གྲྭའི་རིག་གནས་དང་། དགེ་རྒན་གྱི་དཔུང་ཁག སློབ་ཁྲིད་དོ་དམ་སོགས་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
བརྟག་ཞིབ་གནང་རིང་ལིའུ་ཅང་གིས་ནན་བཤད་གནང་དོན། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། དུས་རབས་ཀྱི་མི་གསར་གྱི་བླ་སྲོག་གཏོད་པའི་འདུ་འགོད་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔའི”སློབ་གསོ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཕུགས་བསམ་ལྡན་པ། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཕོད་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་ཞིག་ཧུར་ཐག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་བླང་བྱ་ནན་དུ་གཏོང་བ་དང་། རྒྱ་ཆེའི་དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་ཀྱི་འཇོན་ཐང་འཕེལ་བར་བྱེད་པ། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་དང་མི་དམངས་བློ་ཡིད་ཚིམས་པའི“ཡོད་པ་བཞིའི”དགེ་རྒན་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། སློབ་གྲྭའི་བདེ་འཇགས་ལས་དོན་ཏན་ཏིག་སྒྲུབ་དགོས་ཤིང་། དགེ་སློབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སློབ་མའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། དགེ་སློབ་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་བྱེད་པ། སློབ་གྲྭའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བ། མཐའ་གཅིག་ཏུ་བདེ་འཇགས་ལས་འཛོལ་མི་ཐོན་པར་བྱེད་པ་བཅས་ལ་བརྟེན་ནས་སློབ་གྲྭའི་བདེ་འཇགས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།