དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས།

    《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-16

    《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》(ཀྲུང་སྤེལ[2023]ཡིག་ཨང་15པ)དང《〈དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར〉འགྲེམས་སྤེལ་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ》(བོད་ཏང་སྤེལ[2023]ཡིག་ཨང་12པ)སོགས་ཀྱི་ཡིག་ཆའི་བླང་བྱ་ལག་བསྟར་དོན་འཁྱོལ་གྱིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཁྲོད་མ་འཇོག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ནུས་ལྡན་མ་འཇོག་དང་ལྷག་པར་དུ་དམངས་ཁྲོད་ཀྱི་མ་འཇོག་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ལ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཏོན་པ་རེད།

    《ལག་བསྟར་བསམ་འཆར》ནང་བཏོན་དོན། གཅིག དམངས་ཁྲོད་མ་འཇོག་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་རྒྱུན་མཐུད་མེད་པར་བཟོ་བ་དང་། དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་དང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྲིད་དོན་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འོས་སྐུལ་འོས་དཔོད་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་བ། མ་དངུལ་ཆད་འགྱངས་བྱེད་རིགས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་གཙང་བཤེར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། གཉིས། དམངས་ཁྲོད་མ་འཇོག་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་མ་འཇོག་ལ་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་ཁྲོད་མ་རྩ་ལས་གྲྭ་གལ་ཆེན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གཏོང་བར་རྒྱབ་སྐྱོར་བྱེད་པ། དམངས་ཁྲོད་མ་རྩ་ཚན་རྩལ་གསར་གཏོད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ། དམངས་ཁྲོད་མ་རྩ་འཇོག་པའི་གྲོང་གསེབ་དར་རྒྱས་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་པ། དམངས་ཁྲོད་ཀྱི་མ་རྩ་གཞུང་ཁོངས་གསོག་འབོར་རྒྱུ་ནོར་གང་འགབ་ཅི་སྤྱོད་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བཅས་བྱེད་དགོས། གསུམ། དམངས་ཁྲོད་མ་རྩ་འཇོག་པའི་མ་དངུལ་བསྡུ་སྒྲིལ་གྱི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དམངས་ཁྲོད་མ་རྩ་འཇོག་པའི་རྣམ་གྲངས་ལ་མ་དངུལ་བསྡུ་སྒྲིལ་གྱི་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། བཞི། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འདྲ་མཉམ་སྲུང་སྐྱོང་གི་རྩ་དོན་ལས་འགལ་བའི་ཁྲིམས་སྲོལ་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མེད་པར་བཟོ་བ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ལྟ་འདོམས་ཁྲིམས་སྒྱུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྔ། དམངས་ཁྲོད་མ་རྩ་འཇོག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས། མ་གནས་ཆུང་དུ་གཏོང་བའི་སྲིད་ཇུས་ཁག་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་དམངས་ཁྲོད་མ་རྩ་འཇོག་པར་ཕྱོགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། དམངས་ཁྲོད་མ་རྩས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་ལྕག་སྐུལ་བཅས་བྱེད་དགོས། དྲུག ཁོར་ཡུག་ཡག་པོ་སྐྲུན་དགོས། ཉེ་ལ་གཙང་བའི་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་ཕྱོགས་ཡོངས་ནས་འཛུགས་པ་དང་། ཁེ་ལས་དང་འབྲེལ་བའི་ཞུ་གཏུག་ཐབས་ལམ་ཤར་གཏོང་བྱེད་པ། “རྫུན་འགོག་བསླུ་བཅོས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ། དུས་ཐོག་ཏུ་ཕྱོགས་བསྡོམས་དང་དཔྱད་དཔོག་ཡག་པོ་བྱེད་པ། བྱ་དགའ་སྤྲོད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

    《ལག་བསྟར་བསམ་འཆར》ནང་བླང་བྱ་བཏོན་དོན། ལག་བསྟར་བསམ་འཆར་འདི་བཀྲམ་པའི་ཉིན་མོ་ནས་བཟུང་ལག་བསྟར་བྱ་རྒྱུ་དང《དམངས་ཁྲོད་མ་རྩ་འཇོག་པར་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》(བོད་སྲིད་དོན་སྤེལ[2018]ཡིག་ཨང་10པ)དུས་གཅིག་ཏུ་མཚམས་འཇོག་རྒྱུ་ཡིན། རྒྱལ་ཁབ་ཀྱིས་བཏོན་པའི་དམངས་ཁྲོད་མ་རྩ་འཇོག་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བསམ་འཆར་འདི་ལས་ལེགས་པ་ཡོད་ཚེ་དེ་བཞིན་ལག་བསྟར་བྱ་རྒྱུ་ཡིན། ས་ཁུལ(གྲོང་ཁྱེར)ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་ཀྱི་བྱེད་ཐབས་བཟོ་བར་ལྕག་སྐུལ་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།