དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱིས་ཀྲུང་ཤིན་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

    ཝང་ཅུན་ཀྲེང་གིས་ཤིས་གོ་ཧྭ་དང་བཞུགས་མོལ་གནང་ནས་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ། ཡན་ཅིན་ཧའེ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-15

    ཟླ་3ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པེ་ཅིང་དུ་ཀྲུང་གོ་ཀྲུང་ཤིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཤིས་གོ་ཧྭ་དང་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་དངུལ་རྩ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ལ་བཞུགས་མོལ་གནང་བ་དང་འབྲེལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཀྲུང་ཤིན་ཚོགས་པ་ཚད་ཡོད་ཀུང་སིས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། འདི་ནི་ཚོགས་ར་ཡིན་པ།

     ཟླ་3ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པེ་ཅིང་དུ་ཀྲུང་གོ་ཀྲུང་ཤིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཤིས་གོ་ཧྭ་དང་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བ་དང་དངུལ་རྩ་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ལ་བཞུགས་མོལ་གནང་བ་དང་འབྲེལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཀྲུང་ཤིན་ཚོགས་པ་ཚད་ཡོད་ཀུང་སིས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་ལང་ཧྥུ་ཁོན་དང་། ཀྲུང་ཤིན་ཚོགས་པའི་འགོ་ཁྲིད་ཝང་གོ་ཆོན་དང་ཙེང་ཆི་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་ཤིན་ཚོགས་པའི་སྒྱུར་བཅོས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་ཤིན་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དངུལ་རྩ་དང་ཁེ་ལས་མཉམ་འཛིན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་སྒྲོལ་ཁེ་ལས་ཚོགས་པ་ཆེ་གྲས་ཤིག་ཡིན་པའི་ཀྲུང་ཤིན་ཚོགས་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁ་གཏད་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ། གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་གང་ལེགས་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བོད་དང་ཀྲུང་ཤིན་ཚོགས་པའི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད། ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུ་དང་། ནུས་རྒྱུ་གཙང་མ་འཛུགས་སྐྱོང་། ཀུན་སྤྱོད་མཁའ་འགྲུལ། རིག་གནས་ཐོན་ལས་དར་རྒྱས་སོགས་ཐད་བོད་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དང་ཀྲུང་ཤིན་ཚོགས་པའི་དངོས་ཡོད་སྟོབས་ཤུགས་ཆེ་བ་དང་ལག་རྩལ་སྔོན་ཐོན་ཡིན་པས། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མཐུན་ཆ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་ཤིན་ཚོགས་པས་ད་ཐེངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་གོ་སྐབས་དང་བསྟུན་ནས་རང་ངོས་ཀྱི་ཐོན་ཁུངས་དང་རྒྱལ་ཁབ་ཀྱིས་བོད་ལ་སྤྲད་པའི་དམིགས་བསལ་སྲིད་ཇུས་སྤྱི་འདོམས་བྱས་ནས་ཤེས་ལྡན་པ་དང་། ལག་རྩལ། མ་དངུལ། དོ་དམ་སོགས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། དངུལ་རྩའི་ཞབས་ཞུ་དང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་སུ་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཁེ་ལས་དང་ས་གནས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། འཐབ་ཇུས་མཉམ་ལས་གྲོས་མཐུན་གཡུར་ཟའི་གྲུབ་འབྲས་སུ་ཟམ་མི་ཆད་པར་འགྱུར་བ་བྱེད་པ། བོད་ཀྱི་ཐོན་ཁུངས་དང་སྲིད་ཇུས་ཀྱི་ལེགས་ཆ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཤིས་གོ་ཧྭ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཡི་རངས་གནང་ཞིང་། ཁོང་གིས་ཀྲུང་ཤིན་ཚོགས་པས་གོ་སྐབས་དམ་འཛིན་བྱས་ནས་སྣེ་མང་ཅན་གྱི་ཁེ་ལས་ཚོགས་པའི་ཕྱོགས་བསྡུས་ལེགས་ཆ་འདོན་པ་དང་། བོད་ཀྱི་འཕེལ་རྒྱས་འཐབ་ཇུས་འཆར་འགོད་དང་ཟུང་འབྲེལ་བྱེད་པ། བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པར་དམིགས་པ། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་ས་གནས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱེད་རིང་འགན་འཁྲི་ཁུར་ཏེ་ཆུ་ཚད་དེ་བས་མཐོ་བ་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།