དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།

    དུས་རབས་གསར་པའི་ལག་བསྟར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-14

    2023ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གཞུང་དྲང་དང་། ཀུན་སློང་བཟང་པོ། ཡ་རབས་བཅས་ཀྱི་ལག་བསྟར་འདུ་ཤེས་སྔར་བས་བརྟན་པོ་བཙུགས་ནས་ཁྲིམས་འཛིན་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བྱ་སྤྱོད་ཐོག་དོན་འཁྱོལ་དང་ཁྲིམས་འཛིན་གྱི་ཞབས་ཞུའི་སྤུས་ཚད་དང་ལག་བསྟར་ལས་ཀའི་སྤུས་ནུས་མཐོར་གཏོང་ཐོག་དོན་འཁྱོལ་ཡོང་བ་བྱས་ཏེ། ཤོག་ཐོག་གི་དབང་ཆ་དངུལ་སྨར་ལ་བསྒྱུར་བར་བྱས་ནས་དུས་རབས་གསར་པའི་ལག་བསྟར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་རིགས་ཁག་གི་ལག་བསྟར་གྱོད་གཞི་ཁྲི་3.44བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་གྱོད་གཞི་ཁག་8967འཕར་བ་དང་འཕར་ཚད་35.24%ཟིན་ཡོད། གྱོད་གཞི་ཁག་ཁྲི་3.12གྱོད་མཇུག་བསྒྲིལ་བ་དང་ཕྱོགས་བསྡུས་གྱོད་མཇུག་བསྒྲིལ་ཚད་90.94%ཟིན་པ། ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་གྱོད་མཇུག་བསྒྲིལ་ཚད་99.25%ཟིན་པ། དངོས་སུ་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར་35.06ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་5.54འཕར་ཡོད།

    ལག་བསྟར་ཆེད་དོན་བྱ་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“ཁྲིམས་ཐག་གཅོད་རྒྱུའི་གྱོད་གཞི་ཐག་གཅོད་དང་། སྤུས་ནུས་མཐོར་གཏོང”གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལོ་གཅིག་སོང་ཡང་གྱོད་བསྒྲིལ་མ་ཐུབ་པའི་གྱོད་གཞི་དེ་སྔའི་གྱོད་གཞི་ཁག་297ནས་ད་ལྟའི་12བར་ཉུང་དུ་སོང་བ་དང་གྱོད་བསྒྲིལ་བྱེད་ཚད་95.96%ཟིན་ཡོད། དུས་མཚུངས་རྨང་གཞི་འདིང་བ་དང་ཕུགས་ལ་དམིགས་པའི་ལམ་སྲོལ་ཆགས་པར་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དུས་ཡུན་རིང་པོར་གྱོད་བསྒྲིལ་མ་ཐུབ་པའི་གྱོད་གཞི་ཁག་30མན་བར་རྒྱུན་འཁྱོངས་ཐུབ་ཡོད། 2023ལོར་ཆེད་དོན་ལག་བསྟར་བྱ་སྤྱོད་སྤེལ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁྲིམས་གཅོད་ཀྱི་ནུས་པ་ཐོན་པའི་ལས་ཐོག་ཉེས་གསོག་གྱོད་གཞིའི་ཉེས་དོན་ཁྲིམས་གཅོད་ཀྱི་རྒྱུ་ནོར་དང་འབྲེལ་བ་ཡོད་པའི་ལག་བསྟར་ལས་དོན་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ནས་ལག་བསྟར་བྱེད་དགོས་རིགས་ཚང་མ་ལག་བསྟར་ཐུབ་པར་བྱས་ཡོད། མི་42ལ་ལས་ཐོག་ཉེས་གསོག་དབང་གིས་རྒྱུ་ནོར་གྱི་ཉེས་དོན་ཁྲིམས་གཅོད་ལག་བསྟར་བྱས་པར་ལག་བསྟར་གནད་འཁེལ་སྒོར་དུང་ཕྱུར་1.64ཟིན་ཡོད།

    ལག་བསྟར་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་བཅས་དང་ལོགས་སུ་ལག་བསྟར་མཉམ་འགུལ་ལམ་སྲོལ་བཟོས་ནས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་མཉམ་དུ“ལག་བསྟར་མཉམ་འགུལ་གཞུང་དོན་ཁང”སྒོ་བྱང་བཀལ་ནས་བཙུགས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་ཁྲིམས་ཨུ་ལྷན་གྱིས་མཐུན་སྦྱོར། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ། སྲིད་གཞུང་གིས་རྒྱབ་སྐྱོར། ཁྲིམས་ཁང་གིས་གཙོ་གཉེར། སྡེ་ཚན་གྱིས་མཉམ་འགུལ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལག་བསྟར་བྱེད་དཀའ་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། 《གྱོད་གཞི་ཐོ་འགོད་དང་། འདྲི་གཅོད་དང་ལག་བསྟར་ལས་དོན་མཐུན་སྦྱོར་འཁོར་རྒྱུག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་ལྗོངས་ཁྲིམས་ཁང་གི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》བཏོན་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ཐོ་འགོད་དང་། འདྲི་གཅོད་དང་ལག་བསྟར་ལས་དོན་བདེ་བླག་ངང་འབྲེལ་མཐུད་དང་ལས་ཕྱོད་ཆེན་པོས་འཁོར་རྒྱུག་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། ལྷག་པར་དུ་མཐུན་སྦྱོར་མཉམ་ལས་ལ་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

    ལག་བསྟར་དཔུང་ཁག་གི་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། 《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་ལས་དོན་གྱི་སྲིད་གཙང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང《ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་ལས་བྱེད་ཉེན་རྟོག་པའི“ནན་འགོག་བཅུ་གཅིག”》བཏོན་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་དཔུང་ཁག་གི་སྲིད་གཙང་འཛུགས་སྐྱོང་ནང་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། ལག་བསྟར་མི་སྣའི་བྱང་ཚད་མཐོ་རུ་ཏན་ཏིག་བཏང་བ་དང་། ལག་བསྟར་ལས་དོན་ཚད་ལྡན་དུ་བཏང་བ། དྲང་གཞག་དྲང་བདེན་གྱི་མཐའ་མའི་འགོག་སྲུང་འཛིང་རགས་སྲུང་སྐྱོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱོད་གཙང་རང་འདོམས་དང་། རང་གཅུན་སྤྱི་གཅེས། གཞུང་དྲང་ནུས་ཆེ་བཅས་ཀྱི་ཁྲིམས་ཁང་གི་ལག་བསྟར་དཔུང་ཁག་ཅིག་བཏོད་ཡོད།

    ལག་བསྟར་ལས་ཀའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལག་བསྟར་ཅུས་ཀྱི་ཅུས་ཀྲང་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་གཅིག་སྡུད་ལས་སྒོའི་གསོ་སྦྱོང་ཐེངས་དང་པོ་བྱས་པ་དང་ལྗོངས་ཕྱིའི་ལས་སྒོའི་རིགས་གཅིག་མཁས་ཅན་བོད་དུ་གདན་དྲངས་ནས་གསོ་སྦྱོང་བྱས་པས། ལག་བསྟར་ལས་བྱེད་ཉེན་རྟོག་པར་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་ནས་ལག་བསྟར་བྱེད་པར་རོགས་རམ་བྱས་པ་མ་ཟད། ད་དུང་ལྗོངས་ཕྱིའི་ཁྲིམས་ཁང་གི་སྔོན་ཐོན་གྱི་ལག་བསྟར་ཉམས་མྱོང་སློབ་སྦྱོང་ཐུབ་ནས་ལག་བསྟར་བྱེད་དཀའ་བའི་གྱོད་གཞི་ཐག་གཅོད་ཏན་ཏིག་བྱ་ཆེད་དཔྱད་གཞི་དེ་བས་མང་བ་དང་བསམ་གཞི་དེ་བས་རྒྱ་ཆེ་བ་མཁོ་འདོན་བྱས་ཡོད། དུས་མཚུངས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས“ལག་བསྟར་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ནས་དཔེ་མཚོན་གྱོད་དཔེ་10ཐོག་མར་ཁྱབ་བསྒྲགས་བྱས་པ་དང་། ལག་བསྟར་ལས་དོན་གྱི་དྲིལ་བསྒྲགས་ཁྱབ་ཁོངས་རྒྱ་ཆེར་བཏང་བ། ཕྱོགས་མང་པོ་ནས་ལག་བསྟར་གྱི་བསམ་འཆར་བཏོན་པ། ལག་བསྟར་ལས་དོན་ཡོངས་བསྒྲགས་དང་ཁ་གསལ་ཚད་ཆེ་རུ་བཏང་བ། མི་དམངས་མང་ཚོགས་ཀྱིས་ལག་བསྟར་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པའི་བརྩོན་ལེན་གང་ཐུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།