དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ཡིས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དང་། ལྷོ་རོང་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་། དཔའ་ཤོད་རྫོང་དང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་བཅས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-14

    ཚེས་4ནས་10ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དང་། ལྷོ་རོང་རྫོང་། སྨར་ཁམས་རྫོང་། མཛོ་སྒང་རྫོང་། དཔའ་ཤོད་རྫོང་དང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་བཅས་སུ་ཕེབས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་དང་། “གཅིག་འཛིན་གཉིས་སྐུལ”དང་། ལས་བྱེད་པ་གྲོང་སྡོད། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ར་འོག་མཚོར་མཚོ་སྐོར་ལས་དོན་སྤེལ་བ་རེད།

    དཔལ་འབར་རྫོང་གི་ལྗོངས་ལྷ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་དཔའ་ཤོད་རྫོང་གི་ར་འོག་མཚོར་ལའེ་ཅའོ་ཡིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་མཚོ་དཔོན་གྱི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་བཙོག་ཆུ་གཙང་གསིང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ར་འོག་མཚོའི་A4རིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གཉེར་སྐྱོང་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། “རྒྱལ་སྒྲོལ་ཡུལ་སྐོར”“ཞག་གཅིག་སྡོད་པའི་ཡུལ་སྐོར”ལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྤོ་བོ་རྫོང་དུ་ལའེ་ཅའོ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། གསར་བརྗེའི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱེད་པ། སློབ་གསོའི་རྟེན་གཞི་ཡག་པོ་སྐྲུན་པ་དང་ཡག་པོ་སྤྱོད་པ། ཏང་གཤིས་སློབ་གསོ་དང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་ཏན་ཏིག་སྤེལ་བ། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བརྟན་དུ་གཏོང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།