དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས།

    ལྗོངས་སློབ་གསོ་ཐིང་དང་མཉམ་དུ་སློབ་གྲྭར“སློབ་འགོ་ཚུཌ་པའི་སློབ་ཚན་དང་པོའི”དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-13

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་དུ་ལྷ་ས་སློབ་འབྲིང་དུ“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”དྲ་རྒྱའི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་གློག་རྡུལ་ཚན་རྩལ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲན་ཞུན་གྱིས་སློབ་གྲྭའི་དགེ་སློབ་300ལྷག་ཙམ་ལ་སྒྲོག་འགྲེལ་བྱས་ཤིང་། སྒྲོག་འགྲེལ་བྱེད་སྐབས《ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་སྲོལ་ཡིག》ལ་དམིགས་ནས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་བ་དང་། དྲ་རྒྱའི་ཆ་འཕྲིན་གྱི་ནང་དོན་ཚད་ལྡན་དུ་གཏོང་བ། དྲ་རྒྱའི་བརྙས་བཅོས་མི་ཕོག་པར་བྱེད་པ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་པ་མ་ཟད། དངོས་ཡོད་ཀྱི་གྱོད་དཔེ་འབོར་ཆེན་དང་ཟུང་འབྲེལ་བྱས་ནས་རྟོག་བཟོའི་དྲ་རྒྱའི་འཇིག་རྟེན་གྱི་མངོན་མེད་ཉེན་ཁ་དང་གནོད་འཚེར་དབྱེ་ཞིབ་གཏིང་ཟབ་བྱས་པར་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་ཡོད་པས་རྒྱ་ཆེའི་དགེ་སློབ་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་བྱ་དགའ་སྤྲོད་པའི་དྲི་བ་འདྲི་ལན་གྱི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་སློབ་མ་ཚོར་དྲིལ་བསྒྲགས་ལག་དེབ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་རྫས་ཀྱང་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།