དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་གྲུབ་འབྲས་ཆེ་རུ་གཏོང་དགོས།

    —— རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད། རྒྱལ་ཁོངས་་བདེ་འཇགས་མེད་ན། ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ཡོང་ཐབས་བྲལ།

    “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས’ཞེས་བཏོན་པ་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་རེད། གཞན་ཡང“དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ”དང“གྲོང་གསེབ་འཛུགས་སྐྲུན”སོགས་འགག་རྩའི་ཚིག་དག་ཀྱང་བཀྲ་ཤིས་རྒྱལ་མཚན་གྱིས་དོ་ཁུར་བྱེད་པའི་གཙོ་གནད་ཅིག་རེད།

    མཐའ་སྟོབས་ནི“རྒྱལ་ཁབ་ཀྱི་དོན་ཆེན”དང་བོད་ཀྱི“དོན་ཆེན་བཞིའི”གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། མཐའ་བརྟན་མཐའ་སྲུང་གི་དགོས་མཁོ་སྐོང་བ་དང་མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་བསྒྲུབ་རྒྱུ་ཚད་བརྒལ་སར་མཐའ་འཁྱོངས་བྱས་པའི་ཁར། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་བསལ་བ་དང་། ཞིང་འབྲོག་ལས་དང་མཐའ་མཚམས་ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”ཟབ་ཏུ་བཏང་བ། ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་འགོག་མཉམ་སྡོམ་ལ་སྐུལ་འདེད་བཏང་བ་བཅས་ལས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་སྤེལ་བའི་གོམ་སྟོབས་བརྟན་པོར་སྤོ་ཐུབ་ལ་ཕན་འབྲས་མངོན་གསལ་དོད་པོའང་ཐོབ་ཡོད།

    མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་མཚམས་སྲུང་བར་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་རིམ་བཞིན་ཆགས་པ་དང་ཆབས་ཅིག ད་ཆའི་གངས་ལྗོངས་ས་མཐོར་ས་མཐོའི་ཐབ་ཆས་གསར་པ་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྤེལ་བྱུང་ནས་ཟས་ཞིམ་པོའི་དྲི་བཟང་འཐུལ་བ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ནམ་མཁའི་སྐར་ཚོགས་ལྟར་ཁྱབ་ནས་དར་གོས་ལམ་བུའི་ཐོག་གི་མུ་ཏིག་ལྟ་བུར་རིམ་བཞིན་འགྱུར་བ། མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་བདེ་སྐྱིད་སྟོན་གྲངས་རིམ་བཞིན་མཐོ་རུ་འགྲོ་ཡི་ཡོད།

    “ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་ནི་འདི་ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན་ཆེན་པོ་བཅུའི་གྲས་ཤིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ཐོན་ཁུངས་མཉམ་འགུལ་གྱི་ནུས་པ་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་སྡེར་མ་བརྟན་དུ་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བཅས་བྱེད་དགོས་ཞེས་བསྟན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་གཞིས་རྩེར་རྣམ་གྲངས་འཛུགས་སྐྲུན་དང་ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་བ་དེ། དམ་འཛིན་བྱ་གཞི་གལ་ཆེན་དང་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་ཚད་བརྒལ་ཡོང་བའི་ཁ་ཕྱོགས་སུ་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལྷག་དོན་དུ། གྲོང་ཁྱེར་ཡོངས་ཀྱིས་སྒོ་དབྱེའི་ལས་སྟེགས་བསྐྲུན་རྒྱུར་དམ་འཛིན་ཤུགས་ཆེན་བྱས་ནས་འགག་སྒོའི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། ལེགས་རྩེ་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་ལ་སྐྱིད་གྲོང་འགག་སྒོ་དང་འགྲམ་འགག་སྒོར་འགྲུལ་ཟོག་གཉིས་ཀ་སླར་གསོ་ཐུབ་པ་དང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་སྐུལ་འདེད་མགྱོགས་པོ་ཐེབས་པ། རྒྱལ་ཁབ་རིམ་པའི་སྒོ་དབྱེའི་ལས་སྟེགས་ཏེ་སྐྱིད་གྲོང་མཐའ་མཚམས་མཉམ་ལས་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱུང་བ། མཐའ་མཚམས་ཉོ་ཚོང་དང་། ལས་སྣོན། བཟོ་སྐྲུན་ལས་རིགས་བཅས་མེད་པ་ནས་ཡོད་པའི་བར་ཚད་བརྒལ་བྱུང་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཝང་ཧྥང་ཧུང་གིས། གཞིས་རྩེ་གྲོང་ཁྱེར་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་གཏིང་ཟབ། དེ་བས་ཕན་སྐྱེད་ཆེ་བའི་སྒོ་དབྱེའི་སྲིད་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ས་གནས་དེ་གར་གཞི་ཚུགས་པ་དང་། ནང་ས་དང་མཉམ་འགུལ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པ་བཅས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕྱི་ནང་ཟུང་འབྲེལ་དང་། ལེགས་ཆ་གསབ་རེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་སྒོ་དབྱེའི་རྣམ་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་ས་བབ་ཀྱི་བཟང་ཆ་དེ་ཉིད་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཤེས་ལྡན་པ་ནི་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཕྱོགས་ཡོངས་ནས་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་བེད་སྤྱོད་ཡག་པོ་གཏོང་དགོས”དང་། “དེ་བས་ཕན་སྐྱེད་ཆེ་བ་དང་། དེ་བས་སྒོ་མོ་དབྱེ་བ། དེ་བས་ནུས་ཕྱོད་ལྡན་པའི་ཤེས་ལྡན་པའི་སྲིད་ཇུས་ལག་ལེན་བསྟར་དགོས” “གྲོང་གསེབ་ལ་མཁོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་བེད་སྤྱོད་ཡག་པོ་གཏོང་དགོས”སོགས་ཀྱི་ནང་དོན་ཐད་ལ་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་གི་རིམ་པ་དང་པོའི་ཁྲིམས་དཔོན་པད་མ་གཡུ་སྒྲོན་ལ་བསམ་ཚུལ་གཅིག་མཐུན་བྱུང་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སྐབས་སུ་པད་མ་གཡུ་སྒྲོན་གྱིས་མཐའ་མཚམས་ས་ཁུལ་གྱི་ཤེས་ལྡན་པ་དང་ལས་བྱེད་པ་གསོ་སྐྱོང་གི་གནད་དོན་སྐོར་ལ་ཚོགས་ཆུང་ནང་ཁུལ་དུ་གཏམ་བཤད་སྤེལ་ཞིང་། ཁོང་གིས་མཐའ་མཚམས་ས་ཁུལ་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ན། གཞི་ནས་མཐའ་སྲུང་མཐའ་དར་དང་དམངས་ཕྱུག་གསུམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གནང་ཡོད།

    པད་མ་གཡུ་སྒྲོན་གྱིས། རང་རང་སོ་སོའི་འཕེལ་ཕྱོགས་གཞིར་བཟུང་། དོན་དངོས་ལ་གཞི་ཚུགས་ཏེ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགག་གནད་སྒྲོལ་བའི་ཐབས་ཤེས་ཞིབ་འཇུག་བྱེད་དགོས་ཤིང་། ཤེས་ལྡན་པ་གསོ་སྐྱོང་དང་། ཤེས་ལྡན་པ་ནང་འདྲེན། ཤེས་ལྡན་པ་བེད་སྤྱོད། ཤེས་ལྡན་པ་ཉར་འཇོག་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་ཏེ། ཤེས་ལྡན་པ་དང་ལས་བྱེད་པའི་ནང་ཐོན་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་། ཤེས་ལྡན་པ་དང་ལས་བྱེད་པའི་གསོན་ཤུགས་འཕེལ་གང་ཐུབ། ཡུན་རིང་དང་། བརྟན་ལྷིང་། སྤུས་དག་གསུམ་གྱི་ཤེས་ལྡན་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་དེ་བས་མང་བ་སྦྱིན་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།