དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་ལྷོ་ཁ་གྲོང་ཁྱེར་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

     ཟླ་3ཚེས་6ནས་ཚེས་8ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། ཆུ་གསུམ་རྫོང་། རྒྱ་ཚ་རྫོང་། ཟངས་རི་རྫོང་བཅས་སུ་ཕེབས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་སྟེ། སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་དང་རྒྱ་ཚ་རྫོང་དུ་བརྙན་ལམ་ནས་བཀོད་གཏོང་གནང་བ་དང་། ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་རྣམ་གྲངས་ས་ཚིགས་ཁག་གཅིག་ཏུ་ཕེབས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་དང་འཁོར་རྒྱུག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་གྲོང་ཁྱེར་དང་རྫོང་གི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ལྷོ་ཁ་གྲོང་ཁྱེར་ཡན་ལག་དམག་ཁུལ་ཁང་དུ་ཕེབས་ནས་དམག་བསྡུའི་ལས་དོན་དང་ཡུལ་དམག་ལས་དོན་ལ་ཞིབ་བཤེར་ཡང་གནང་བ་རེད།

    ཁྲེན་ཡུང་ཆིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས། ལྷོད་གཡེང་བག་མེད་ཀྱི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་དོ་དམ་ཚོད་འཛིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པ། ལས་འཛོལ་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རྒྱལ་ཁབ་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། མི་དམངས་ཀྱི་རེ་སྒུག་དང་བསྟུན་པ། ཐོན་ལས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ། ནུས་ལྡན་མ་འཇོག་དོན་འཁྱོལ། ཁྲོམ་རའི་ཁྲིད་སྟོན་མཐའ་འཁྱོངས། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་གནས་དང་ཁྱབ་ཁོངས་ཀྱིས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ལག་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་ཁེ་ལས་རྣམ་གྲངས་ཀྱི་ཟུར་བསྣན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བདེ་འཇགས་ཨང་དང་པོ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས་བདེ་འཇགས་ཨར་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བདེ་འཇགས་ཀྱི་ལས་གྲྭ་དང་སྤུས་དག་གི་ལས་གྲྭ་ཧུར་ཐག་བསྐྲུན་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནན་ཤོས་དོན་འཁྱོལ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་གལ་ཆེའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོན་ལས་ཀྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་མ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་ཡོང་འབབ་མུ་མཐུད་མང་དུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།