དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    ལིའུ་ཅང་སྔ་རྗེས་སུ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་། བར་སྐོར་ཁྲོམ་གཞུང་། གནའ་གྲོང་སྤྱི་བདེ་ཅུས། ལྷ་ལྡན་གཙུག་ལག་ཁང་བཅས་སུ་ཕེབས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྐོར་བརྙན་ལམ་ཐོག་ནས་བཀོད་གཏོང་གནང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་ལས་གྲབས་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།

    ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་དཀའ་སྤྱད་འབད་འཐབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ལིའུ་ཅང་གིས་བླང་བྱ་བཏོན་དོན། འབྱུང་རྩ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་པའི་ས་ནས་མེད་པར་བཟོ་དགོས་པ། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་འབྲེལ་ལས་སྒྲུབ་དང་སྐོར་གཡེང་གི་ལམ་སྲོལ་འདོན་སྤེལ་གང་ལེགས་ཀྱིས་གཞོགས་འདེགས་དམ་ཟབ་དང་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ། མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་བསལ་ནས་སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཁྲིམས་བཞིན་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་དགོན་སྡེའི་དོ་དམ་ཚད་ལྡན་ཅན་དང་། ཞིབ་ཕྲ་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། འགྲོ་ལམ་འགྲིམ་འགྲུལ་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། གེགས་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། དངོས་འཐབ་ཀྱི་ཕན་ནུས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། ཚན་རྩལ་ཆ་འཕྲིན་ཅན་གྱི་དངོས་འཐབ་བཀོལ་སྤྱོད་ལ་དམ་འཛིན་ཡག་པོ་བྱས་ཏེ་སྔོན་བརྡ་གནད་འཁེལ་དང་། འགོག་ཟོན་གནད་སྨིན། ཞབས་ཞུ་ཞིབ་ཚགས་བཅས་ཀྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དོན་འཁྱོལ་ནུས་ལྡན་མ་བྱུང་བའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རིམ་ཁག་སྡེ་ཚན་གྱིས་རང་འགན་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱིས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་རང་འགུལ་ངང་གནད་དོན་ཐག་གཅོད་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་མཐའ་གཅིག་ཏུ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།