དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ས་ཁོངས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ་དང“གཉིས་འཕར་གཅིག་བརྟན”གྱི་ཁྱད་ཆོས་མངོན་པ།

    བོད་ཀྱི་འཐུས་མི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་འགོ་ཁག་24བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-11

    ཟླ་3ཚེས་10ཉིན། གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་འཆར་ཚོགས་ཆུང་ནས་ཤེས་རྟོགས་བྱས་པར། ཚོགས་འདུའི་རིང་། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་གྲོས་འགོ་ཁག་24བཏོན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་བོད་ཀྱི་འཐུས་མི་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་དམིགས་པ་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་དམིགས་ཏེ་བཏོན་པའི་གྲོས་འགོ་ལས་ས་ཁོངས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ་དང་། སྤུས་ཚད་གོང་མཐོར་ཕྱིན་པ་ལས“གཉིས་འཕར་གཅིག་བརྟན”གྱི་ཁྱད་ཆོས་མངོན་ཡོད། གཅིག་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུའི་གྲོས་འགོ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། འཐུས་མི་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་འབྲོག་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་དོ་སྣང་ཆེན་པོ་གནང་གི་ཡོད། གཉིས་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུའི་རིགས་ཀྱི་གྲོས་འགོ་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། གཙོ་བོ་སྨན་བཅོས་དང་རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་འདུས་ཡོད། ཁྱད་ཆོས་གསུམ་པ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་གྲོས་འགོ་སྔར་རྒྱུན་བཞིན་བརྟན་པོ་རྒྱུན་འཁྱོངས་བྱུང་ནས་བསྡུར་ཚད་ངེས་ཅན་ཞིག་བཟུང་ཡོད།

    “ཏང་ཨུད་དང་སྲིད་གཞུང་གིས་ཞིང་ཕན་དམངས་ཕན་སྲིད་ཇུས་སྔར་བས་མང་བ་བཏོན་ནས་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད” “བོད་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་ནས་བོད་ཀྱི་ཡང་བའི་བཟོ་ལས་བཟོ་སྐྲུན་ལས་རིགས་དེ་རྩེར་སོན་དང་། མཐོ་གསར། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”མང་ཚོགས་དང་འབྲེལ་འདྲིས་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་གྲོས་འགོ་རེ་རེ་ལས་འཐུས་མིས་ཚུགས་གནས་མཐོ་པོའི་སྒོ་ནས་ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཆུ་ཚད་མཐོ་པོའི་སྒོ་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དབང་ཆ་སྤྱོད་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་སྒྲུབ་སེམས་གང་ལེགས་མངོན་ཡོད།

    “འདི་ལོའི་གྲོས་འགོའི་ཚུགས་གནས་མཐོ་བ་དང་། སྤུས་ཚད་ལེགས་པ། གནད་ལ་འཁེལ་བ་བཅས་ཡོད་པས་ནང་དོན་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་། ལྗོངས་ཡོངས་ཀྱི་གནས་ཚུལ་དངོས་དང་མཐུན་པ། ཡུལ་འབབ་དམངས་འདུན་དང་མཐུན་པ་བཅས་ཡོད” བོད་ཀྱི་འཐུས་མི་ཚོགས་པའི་དྲུང་ཡིག་ཁྲུའི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། འཐུས་མི་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བ་དང་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང“དམངས་འཚོའི་དོན་ཆུང”ལ་དམིགས་ནས་ཚོགས་འདུ་མ་འཚོག་གོང་བརྟག་ཞིབ་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱེད་པ་དང་ཚོགས་ཆེན་ཚོགས་རིང་རང་འགན་ཧུར་ཐག་སྒྲུབ་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པས་ས་མཐོའི་བུ་ཕྲུག་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཚ་ཚ་འུར་འུར་གྱི་སྒོ་ནས་གསོན་ཉམས་དོད་པོས་མཚོན་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་དེ་བཞིན་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་འགྱུར་ལྡོག་གསར་པ་གང་ལེགས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།