ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས་ནན་བཤད་གནང་དོན།
རང་འགན་གཙང་སྒྲུབ་ཀྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་སྒྲུབ་ཕོད་པ་དང་སྒྲུབ་མཁས་པོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།
ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོཌ་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་འགན་གཙང་སྒྲུབ་ཀྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་སྒྲུབ་ཕོད་པ་དང་སྒྲུབ་མཁས་པོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ང་རང་རྦད་དེ་མོས་མཐུན་ཡོད། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མགོ་ནས་མཇུག་བར་ཁྱབ་ཅིང་། གྲུབ་འབྲས་ཕྱོགས་སྡོམ་དོན་དངོས་དང་མཐུན་པ་དང་། གནད་དོན་དབྱེ་ཞིབ་གནད་ལ་འཁེལ་ཞིང་ཁ་གསལ་བ། ལས་དོན་བཀོད་སྒྲིག་གི་གཙོ་གནད་མངོན་གསལ་དོད་པ་བཅས་ལས་འགན་འཁྲི་འཁུར་སེམས་ཆེན་པོ་དང་། ལས་ཀའི་སྤྱོད་ཚུལ་ཏན་ཏིག མི་དམངས་ལ་འཆང་བའི་བརྩེ་སེམས་ཟབ་མོ་བཅས་མངོན་གྱི་འདུག དེ་ནི་བརྗོད་དོན་ཁ་གསལ་བ་དང་། དངོས་ཐོག་བདེན་འཚོལ། ཐོག་མའི་བསམ་འདུན་རྒྱུན་འཆང་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ལ། མི་སེམས་ལ་སྐུལ་ལྕག་ཐེབས་པ་དང་། སྙིང་སྟོབས་རབ་འཕེལ། དཔའ་མཛངས་རྟུལ་ཕོད་བཅས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པའི་སྙན་སྒྲོན་ཡག་པོ་ཞིག་ཀྱང་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་པར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཐོག་མཐའ་བར་གསུམ་དུ་ཆེས་གཞི་རྩ་དང་ཆེས་འགག་རྩར་གྱུར་པའི་བསྙོན་མེད་ཀྱི་དོན་དམ་དང་། འཕྲལ་སྒྲུབ་ཀྱི་ལས་འགན། སྲ་བརྟན་གྱི་སྟོབས་ཤུགས་བཅས་རེད། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་ངེས་པར་དུ་མུ་མཐུད་ཆད་ལུས་མེད་པ་དང་། འཕྲལ་སྒྲུབ་མྱུར་སྤེལ། དམ་པ་དོན་གཉེར། སྒྲུབ་ཕོད་སྒྲུབ་མཁས། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཕྱོགས་གཅིག་ལ་གཟི་འོད་སྣོན་དགོས་ལ་སྤྱི་ཡོངས་ལ་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས།
ཡན་ཅིན་ཧའེ་ཡིས། མིག་སྔར་བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་པའི་དཀའ་ངལ་ཆེ་ཤོས་དང་དགོས་གལ་ཆེ་ཤོས་ཀྱི་འཐབ་ཇུས་གོ་སྐབས་ཀྱི་དུས་མཚམས་སུ་སླེབས་ཡོད། དེས་ན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་ངེས་པར་དུ་དམིགས་ཚད་ལ་དམིགས་པ་དང་། གོ་སྐབས་དམ་འཛིན། དགེ་སྤེལ་སྐྱོན་སྤོང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལམ་དེ་འཕེལ་རྒྱས་དངོས་སུ་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།