དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆི་ཡིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-07

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་བརྟག་ཞིབ་གནང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་སྔ་རྗེས་སུ་མཉེས་ཐང་བཟོ་ལས་གླིང་དང་། འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་དང་དེ་བཞིན་དེའི་ཅེ་ཁུན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་དང་། ཨན་ཐའེ་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་རྒྱུ་ཆ་རིགས་གསར་པ། ཧང་ཤིང་གཙང་འཁྲུད་སྒྲིག་ཆས་སོགས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་ཕེབས་ནས། ཁེ་ལས་ཀྱི་ཐོན་སྐྱེད་དང་། ཐོན་ལས་འཕེལ་རྒྱས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྐོར་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་མ་ཟད། ཁེ་ལས་ཀྱི་འགན་འཁུར་བ་དང་འབྲེལ་གཏུག་སྤེལ་རེས་གནང་ནས། ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་བཀའ་འདྲི་དང་དངོས་ཡོད་དཀའ་ངལ་མཐུན་སྦྱོར་ཐག་གཅོད་བྱེད་རོགས་གནང་བ་རེད།

    ཁྲེན་ཡུང་ཆི་ཡིས་ནན་བཤད་གནང་དོན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་བཞིན་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་གྱིས་བརྟན་ལྷིང་སྲུང་སྐྱོང་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས། ལས་ཀའི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། འགན་འཁྲི་ནན་དུ་དང་ཏན་ཏིག་སྒྲུབ་པ། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ། འཕྲལ་སྡོམ་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། “དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    ཁྲེན་ཡུང་ཆི་ཡིས་ནན་བཤད་གནང་དོན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། “འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས”པའི་འདུ་ཤེས་བརྟན་པོར་བཙུགས་ནས། བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གནད་ཆེའི་རྒྱུ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་རེ་རེ་བཞིན་དམ་འཛིན་བྱེད་པ། དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བཅས་བྱས་ཏེ་གོ་ཆོད་པའི་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས། གླིང་ཁུལ་གྱི་ལེགས་ཆ་བཏོན་ནས། འཕེལ་རྒྱས་ཀྱི་ངེས་གནས་འཚོལ་བ་དང་། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། དངུལ་རྩ་དང་ཁྲལ་གྲོན་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ས་སྤྱོད་དང་གློག་སྤྱོད་སོགས་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་ཁེ་ལས་ཀྱི་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་དང་འཕེལ་རྒྱས་ཀྱི་རིམ་པ་མཐོ་རུ་གཏོང་རོགས་བཅས་བྱས་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་རྒྱུན་མཐུད་འཕར་བར་མུ་མཐུད་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།