དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-02

    ཚེས་29ཉིན་གྱི་སྔ་དྲོར་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ལུས་རྩལ་པས་འགྲན་རར་སྙིང་རུས་ཆེན་པོས་འབད་བརྩོན་དང་། གཟི་བརྗིད་བརྩོན་ལེན་བྱས་པའི་བརྒྱུད་རིམ་ལ་སླར་ཡང་ཕྱིན་དྲན་དང་ཕྱོགས་སྡོམ་བྱས་པ་དང་སྦྲགས་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཐེངས་དང་པོར་ཚོགས་པ་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ལ་ཞུགས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་མ་ཟད། གཙོ་གནད་དབྱར་དུས་རྣམ་གྲངས་དང་དགུན་དུས་རྣམ་གྲངས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་རྩལ་འགྲན་ལུས་རྩལ་རྣམ་གྲངས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ། ཤེས་ལྡན་པ་གསོ་སྐྱོང་དང་། གདམ་གསེས། ལྕག་སྐུལ། འགན་སྲུང་བཅས་ཀྱི་ལམ་སྲོལ་གསར་གཏོད་དང་རྩལ་འགྲན་ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་ལ་དམ་འཛིན་བྱས་ནས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་སོགས་འགྲན་བསྡུར་ཆེན་པོར་ཞུགས་རྒྱུའི་གྲ་སྒྲིག་ལས་དོན་སྔོན་ནས་འཆར་འགོད་ཡག་པོ་བྱས་ཏེ་སྦྱངས་འབྲས་དེ་བས་ཡག་པ་ཐོབ་པའི་བརྩོན་ལེན་ཧུར་ཐག་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ད་དུང་བོད་ཀྱི་རྒྱང་རྒྱུག་དང་འབྲིང་རྒྱུག་རུ་ཁག་གི་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་དང་རྩལ་འཁྲིད་པ་སྐལ་བཟང་ཚེ་རིང་ལ་འཚམས་འདྲི་བྱས་པ་རེད། བཀྲ་ཤིས་ཚེ་རིང་ལ་ཟླ་2ཚེས་25ཉིན་2024ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མར་སུན་རྒྱང་རྒྱུག་གི་ལེགས་སྐྱེས་འགྲན་བསྡུར་ལ་ཨང་དང་པོ་ཐོབ་པ་དང་། ཟླ་2ཚེས་28ཉིན་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་ཁང་ནང་གི་བྱ་དགའ་ཆེན་པོའི་འགྲན་བསྡུར(ས་ཚིགས་དང་པོ)གྱི་སྐྱེས་པའི་སྨི་3000གི་འགྲན་བསྡུར་ལ་སླར་ཡང་ཨང་དང་པོ་ཐོབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།