དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཆུས་པོའོ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-02

    ཟླ་2ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆུས་པོའོ་བཅས་པ་དང་བཞུགས་མོལ་གནང་སྟེ། ཕྱོགས་གཉིས་པོས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་སྤེལ་རེས་གནང་བ་རེད།

    ཁྲེན་ཡུང་ཆིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་། ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ནས་ཆུས་པོའོ་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཏ་ཐང་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁྲེན་ཡུང་ཆིས་ཏ་ཐང་ཚོགས་པ་ནི་རང་རྒྱལ་གྱི་གློག་གཏོང་ཚོགས་པ་གལ་ཆེན་གྱི་གྲས་ཤིག་དང་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་རྐང་འཛིན་སྟོབས་ཤུགས་ཤིག་རེད། ཏ་ཐང་ཚོགས་པས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་དང་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་བྱས་ཏེ། བོད་ཀྱིས་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་བར་རམ་འདེགས་བྱས་པ་དང་།

    སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ནན་ཤོས་སྤྱད་དེ་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱི་འབྱུང་འཕྲོད་འདུ་འགོད་ཀྱི་དཔེ་མཚོན་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་གལ་ཆེན་ལག་བསྟར་དང་། ལེགས་ཆའི་ཐོན་ཁུངས་ཀྱི་ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་མུ་མཐུད་དོན་འཁྱོལ། ས་གནས་དེ་གའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་ཡོང་བ་བྱ་རྒྱུའི་རེ་བ་ཡོད། ཏ་ཐང་ཚོགས་པ་བོད་དུ་འཕེལ་རྒྱས་འགྲོ་བར་བོད་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བ་དང་མཉམ་ལས་རྣམ་གྲངས་ཁག་དོན་འཁྱོལ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱི་ཁེ་ལས་གཉིས་ཁེ་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཆུས་པོའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཏ་ཐང་ཚོགས་པའི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཏ་ཐང་ཚོགས་པས་མ་དངུལ་གྱི་ལེགས་ཆ་དང་། ལག་རྩལ་གྱི་ལེགས་ཆ། ཤེས་ལྡན་པའི་ལེགས་ཆ་བཅས་མུ་མཐུད་བཏོན་ཏེ་རང་འགུལ་ངང་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་། བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ། མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ། རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག བོད་ཀྱི་གྲོང་གསེབ་དར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།