དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས“གཞི་རིམ་དུ་སྐྱོད་པ་བཞི”ཡི་ལས་འགན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། མི་ཉུང་སྟབས་བསྡུས་ཀྱིས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་སྲང་ཁར་སྒང་གྲོང་ཚོ་དང་། རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། སྤང་མེར་ཤང་གཙང་འགྲམ་གྲོང་ཚོ་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས། ཞིང་འབྲོག་ཐོན་ལས་འཕེལ་རྒྱས། ལས་བྱེད་པ་གྲོང་སྡོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ད་དུང་གྲོང་སྡོད་ལས་བྱེད་པ་དང་གཞི་རིམ་གྱི་ཏང་ཡོན་ལ་འཚམས་འདྲི་ཡང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། འབད་བརྩོན་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་ཏན་གྱིས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་རྒྱག་དགོས། གཞི་རིམ་གྱི་ཕྱོགས་སྟོན་གསལ་པོར་མུ་མཐུད་དམ་འཛིན་ཆེན་པོ་བྱེད་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་རྒྱུན་ཆད་མེད་པར་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་ལམ་109རྒྱུད་ཀྱི“གསར་བརྗེའི་ཐོན་ཁུངས”ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ་དང་། “མཛེས་སྡུག་ལྡན་པའི་གསར་བརྗེའི་གྲོང་ཚོ”འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ། “གདང་ལའི”གསར་བརྗེའི་རིག་གནས་ཐོན་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། གསར་བརྗེའི་གཏམ་རྒྱུད་དང་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།