རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་ཐོག་གི་གསུང་བཤད།
(2024ལོའི་ཟླ་2ཚེས་19ཉིན)
ཝང་ཅུན་ཀྲེང་།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལོ་གསུམ་བསྟུད་མར་དུས་ཆེན་ཚར་རྗེས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ཤིང་། ལས་འགན་གཙོ་བོ་ནི། སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གིས་འཚོགས་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་དམ་འཛིན་བྱས་པར་གྲུབ་འབྲས་ཐོབ་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་རྒྱུ་དེ་ཡིན།
ད་ལྟ་བསོད་ནམས་ཉི་མ་སོགས་བློ་མཐུན་6གིས་གཏམ་བཤད་ཡག་པོ་ཞིག་གནང་སོང་། ཚང་མའི་གཏམ་བཤད་ཀྱི་བསམ་བློའི་ངོས་འཛིན་མཐོ་བ་དང་། ལས་ཀའི་བྱ་ཐབས་ནུས་ལྡན། ལས་ཀའི་ཕན་འབྲས་ཐད་བཀྲག་མདངས་འཚེར་ས་ཡོད་པ་བཅས་ལས། ལྗོངས་ཐད་གཏོགས་སྡེ་ཚན་དང་ས་ཁུལ(གྲོང་ཁྱེར)ཐད་གཏོགས་ཚན་པ་ནས་རྫོང(ཆུས་དང་གྲོང་ཁྱེར)དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་བྱེད་ཐབས་ཡག་པོ་དང་ཉམས་མྱོང་བཟང་པོ་མངོན་པ་མ་ཟད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པར་དཔེ་མཚོན་བཏོད་ཡོད། ཚང་མས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་དགོས།
གཤམ་ལ་ངས་བསམ་འཆར་འགའ་ཤས་འདོན་གྱི་ཡིན།
གཅིག ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་བཏང་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ།
སྤྱོད་ཚུལ་གྱི་གནད་དོན་ནི་ཏང་གི་སྲིད་སྐྱོང་གི་རྩ་བའི་རྨང་གཞི་དང་འབྲེལ་བ་ཡོད་ལ། དམངས་སེམས་གཏད་ཕྱོགས་དང་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཡང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་སྟེ་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་ཅེས་ནན་བཤད་གནང་ནས་ང་ཚོས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་འགོ་ཚུགས་འགག་བརྟོལ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ཁག་ལ་སྐུལ་འདེད་བཏང་ཡོད། རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོན་ཡོད་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ངར་སེམས་མུ་མཐུད་ཆེ་རུ་ཕྱིན་པ། བསམ་བློའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སེམས་ཤུགས་དང་ངར་ཤུགས་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།
གཅིག་ནས། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ངོས་འཛིན་དེ་བས་ཁ་གསལ་བྱུང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ལྷག་པར་དུ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཆབ་སྲིད་ཀྱི་མཐོ་ཚད་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་དང་། ལས་ཀའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ། ཚད་མཐོའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ཏན་ཏིག་དང་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ། རང་འགུལ་ངང་དོན་འཁྱོལ་ལ་དམ་འཛིན་དང་རང་རྟོགས་ངང་དོན་འཁྱོལ་དམ་འཛིན་བཅས་བྱས་ནས་ཡར་རྒྱས་བརྩོན་ལེན་གྱི་ལས་ཀའི་རྣམ་པ་བཟང་པོ་ཆགས་པར་བྱས་ཡོད།
གཉིས་ནས། འདུ་ཤེས་བསྒྱུར་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དེ་བས་བརྟན་པོ་ཡོང་བ་བྱས་ཡོད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་སྒྱུར་བར་ཁྲིད་སྟོན། སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གོམས་པའི་རང་བཞིན་གྱི་བསམ་གཞིག་བྱེད་ཐབས་ལས་ཐར་བ་བྱེད་པ། རང་འགུལ་ངང་འདུ་ཤེས་རྙིང་པའི་འཆིང་རྒྱ་མེད་པར་བཟོ་བ། བཀག་རྒྱའི་ཚོད་འཛིན་མེད་པར་བཟོ་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས་ལ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱས་ཏེ་ས་གནས་དེ་གའི་དོན་དངོས་དང་འཚམ་པ་དང་། ལས་ཀའི་གཙོ་གནད་དམ་འཛིན། དངོས་སྒྲུབ་གོ་ཆོད་པ་བཅས་ཀྱི་ལས་ཀའི་བྱ་ཐབས་ཁག་གཅིག་བཏོན་ནས། ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་། གཟུགས་བརྙན་གསར་པ། ཕན་འབྲས་གསར་པ་ཐོན་པ་བཅས་ཏན་ཏིག་ཚོར་ཐུབ་པ་བྱེད་དགོས།
གསུམ་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྟོན་ཕྱོགས་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས། དགོས་མཁོ་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ། ཕན་འབྲས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས། “གཞི་རིམ་དུ་བསྐྱོད་ནས་བཅར་འདྲི་བྱས་ཏེ་བྱ་བ་དངོས་སྒྲུབ་པ”དང་ཁེ་ལས་སུ་བཅའ་སྡོད་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་བྱ་བ་དངོས་སྒྲུབ་པ་དང་། དམངས་འཚོར་ཕན་འདོགས་པ། དཀའ་གནད་སེལ་བ། དམངས་སེམས་གཅིག་སྡུད་བཅས་མངོན་པར་བྱས་པ་དང་འབྲེལ་དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་བཟོ་བ་དང་། མང་ཚོགས་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཁག་གཅིག་ཟམ་མི་ཆད་པར་ཐག་གཅོད་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་བཏང་ཡོད།
བཞི་ནས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་དེ་བས་མངོན་གསལ་དོད་པ། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་གྱུར་བར་བྱས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོར་བོད་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་ནང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སོགས་དམིགས་ཚད་6གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ལྔ་ནས། གནད་དོན་གྱི་སྟོན་ཕྱོགས་དམ་འཛིན་བྱ་གཞིར་བྱས་ནས་སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དམིགས་ཚད་དེ་བས་གནད་སྨིན་ཡོང་བ། རང་འགུལ་ངང་གནད་དོན་ཤེས་རྟོགས་བྱེད་པ་དེ་ནི་རིག་པ་དྭངས་གསལ་ཞིག་དང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཕོད་པ་བྱེད་པ་དེ་ནི་གདེང་ཚོད་ཅིག གནད་དོན་ཐག་གཅོད་ཐུབ་པ་ནི་འཇོན་ཐང་ཞིག་བཅས་རེད། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཀའ་གནད་དང་སྐྱོན་ཆར་ལྟ་སྟངས་ཡང་དག་འཛིན་ནས་སྤྱོད་ཚུལ་བཤེར་ནས་ཐོག་མའི་བསམ་འདུན་འདྲི་རྩད་དང་། འགན་འཁྲི་བཤེར་ནས་ཁུར་ལེན་འདྲི་རྩད། སྐྱོན་ཆ་བཤེར་ནས་ཞན་ཆ་འདྲི་རྩད། དོན་འཁྱོལ་བཤེར་ནས་ཕན་འབྲས་འདྲི་རྩད་བཅས་ཀྱི“བཞི་བཤེར་བཞི་རྩད”ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པར་བྱེད་པའི་རྨང་གཞིའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“ཐེག་པ་འཁུར་ལེན་བྱེད་མི་འདོད་པ་དང་། འགན་འཁྲི་འཁུར་མི་ཕོད་པ། ཡར་ཐོན་བརྩོན་ལེན་གྱི་བསམ་བློ་མེད་པ། དྲང་པོ་དྲང་གཞག་མེད་པ། གུས་སྐྲག་མི་ཤེས་པ”བཅས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་ཏེ་རྗེས་འཕེལ་གྱི་རྫོང་དང་། གཞི་རིམ་བཅོས་སྐྱོང་། ཡིག་བསྐུར་ངོ་བཅར་ཁྱབ་ཁོངས་སོགས་སུ་ཆེད་དོན་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་སྤེལ་བ་དང་ཆབས་ཅིག ཆེད་དོན་ལྟ་སྐུལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྫོང་རིམ་པའི་སྡེ་ཚན་གྱིས་ཤང་དང་གྲོང་རྡལ་དུ་བཅའ་སྡོད་བྱེད་པར་བཏང་བའི་སྒྲིག་གཞི་ཚན་པའི་ལས་བྱེད་པར་དོ་དམ་ཉིས་བརྩེགས་ལག་བསྟར་བྱས་ཏེ“མཐོང་བའི་གནད་དོན་ཐག་གཅོད་མི་ཐུབ་པ་དང་ཐག་གཅོད་ཐུབ་པའི་གནད་དོན་མི་མཐོང་ཁུལ”བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་ཚུལ་གྱི་གནད་དོན་མང་པོ་ཐག་གཅོད་ནུས་ལྡན་བྱེད་ཐུབ་ཡོད། ལས་བྱེད་པས་གནད་དོན་ཤེས་རྟོགས་དང་། གནད་དོན་ཞིབ་འཇུག གནད་དོན་ཐག་གཅོད་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་འཕེལ་བ་དང་སེམས་ནུས་ཡོད་རྒུས་ལས་དོན་སྒྲུབ་པའི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད།
དྲུག་ནས། ལམ་སྲོལ་ལེགས་སུ་གཏོང་བ་འགན་ལེན་དུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མ་ལག་དེ་བས་འཐུས་སྒོ་ཚང་བ། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྩ་བཅོས་ཀྱི་ཐབས་ཇུས་སུ་བརྩི་བ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་དོན་འཁྱོལ་གྱི་གདུབ་ཟུམ་དོ་དམ་གྱི་ལམ་སྲོལ་འཛུགས་པ། ལས་དོན་འཁོར་འབྲེལ་ལ་དམིགས་ནས་འགན་འཁྲིའི་འཁོར་འབྲེལ་འཛུགས་པ། ལམ་ལུགས་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་གཏན་འཁེལ་བྱེད་པ་དང་ལམ་ལུགས་སུ་འགྱུར་བ་བཅས་བྱས་ནས། ལས་དོན་ཁག་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་འདེད་བཏང་ཡོད། 2023ལོར་རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་གཏིང་ཟབ་དང་། ལམ་ལུགས་ཁག་136ལེགས་གཏོང་དང་འཐུས་སྒོ་ཚང་དུ་གཏོང་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་སྟོན་ཕྱོགས་བརྟན་པོ་འཛུགས་པ། ལས་བྱེད་པའི་དཔྱད་ཞིབ་བསྐོ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲང་གཞག་དང་། གཞུང་དྲང་། འདྲ་མཉམ་བཅས་ཀྱི་སྒོ་ནས་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་པ། འཕར་ཆག་གཉིས་རུང་གི་བརྡ་རྟགས་ཆེན་པོ་སྟོན་པ་བཅས་བྱས་ཏེ། འཐབ་ཕྱོགས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། ལས་བྱེད་པ་གསོ་སྐྱོང་། ལས་བྱེད་པ་འདེམས་བསྐོ། ལས་བྱེད་པ་བཀོལ་སྤྱོད་བཅས་དངོས་འབྲེལ་ཐུབ་ནས་ཕུལ་བྱུང་བ་སྔོན་ལ་བསམ་བློ་གཏོང་བ་དང་། འཇོན་ཐང་ཅན་ལ་སྔོན་ལ་གོ་གནས་སྤྲོད་པ། སྙིང་རུས་ཅན་ལ་མདུན་ལམ་ཡོད་པ་བཅས་བྱས་ཡོད།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རིང་། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ལག་ལེན་གྱི་ཁྲོད་ནས་ཡོང་བ་དང་ལག་ལེན་གྱི་ཁྲོད་དུ་སྐྱོད་པ་མཐའ་འཁྱོངས་དང་། ལག་ལེན་ལ་བརྟེན་ནས་ངོས་འཛིན་གྱི་ཆུ་ཚད་མཐོར་གཏོང་། མངོན་སུམ་གྱི་ཤེས་པ་དེ་རྗེས་དཔག་གི་ཤེས་པར་སྒྱུར་བ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་སྟེ།
ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་འགྲིལ་བྱེད་དགོས། ང་ཚོས་ཏང་ཡོན་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་ཏན་ཏིག་བཅས་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པའི་བྱ་སྤྱོད་དངོས་ལ་བརྩིས་ནས་བསམ་བློའི་འབྱུང་རྩ་ནས་གནད་དོན་ཐག་གཅོད་དང་རང་རྟོགས་ངང་རང་སྣང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་ཡིན། ངོས་འཛིན་གནད་འཁེལ་དང་འདུ་ཤེས་ལ་འགྱུར་ལྡོག་བཏང་ཚེ་གཞི་ནས་བྱ་སྤྱོད་རང་རྟོགས་ཡོང་བ་དང་། གཞི་ནས་ལས་བྱེད་པའི་རང་འགུལ་རང་བཞིན་དང་འགུལ་ནུས་རང་བཞིན་སྐུལ་སྤེལ་ཐུབ་ནས་གཞན་འགུལ་ནས་རང་འགུལ་དུ་འགྱུར་ཐུབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
ངེས་པར་དུ་མཐོ་ས་ནས་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་ལས་དོན་གྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་ལ་ཆེད་དོན་ཞིབ་འཇུག་ཐེངས་མང་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཁ་གསལ་སྟོན་ཕྱོགས་བཙུགས་པར་བརྟེན། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་ལ་སྐུལ་སྤེལ་གཏོང་བའི་ལམ་སྲོལ་ཆགས་ཡོད། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་དང་། སྤྱོད་ཚུལ་གྱི་གནད་དོན་རྩ་བཅོས་བྱེད་པ་ནི་གྲུབ་ཐེངས་གཅིག་ནང་ཚར་བ་ཞིག་མིན་པར་ལོ་ནས་ལོ་བསྟུད་ནས་དམ་འཛིན་དང་བྱས་པའི་རྗེས་དང་འདྲུད་པའི་ཤུལ་བྱས་ཚེ་གཞི་ནས“དམ་འཛིན་བྱས་ན་ཡག་ཏུ་འགྲོ་བ་དང་ལྷོད་གཡེང་བཏང་ན་བསྐྱར་ལོག་བྱེད་པའི”གནད་དོན་གཏན་འགོག་ཐུབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང“བཞི་བཤེར་བཞི་རྩད”བྱས་པ་བརྒྱུད་ལས་བྱེད་པའི་སྤྱོད་ཚུལ་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་། མང་ཚོགས་ཀྱིས་གླེང་མང་བའི་ཚུལ་མིན་སྤྱོད་ཚུལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་བཅས་ཐག་གཅོད་ཏན་ཏིག་བྱས་ཡོད། སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མ་ཉིད་ནས་གནད་དོན་ལ་ཕྱོགས་པ་དང་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམིགས་པ་ཞིག་ཡིན་པས། གནད་དོན་ཐག་མ་ཆོད་བར་དམ་འཛིན་དང་ཐག་གཅོད་མཐར་ཕྱིན་མ་ཐུབ་བར་དམ་འཛིན་བཅས་བྱས་ཚེ་གཞི་ནས་ཕན་འབྲས་དངོས་ཐོན་པ་དང་དམངས་ཀྱི་ཡིད་ཆེས་ཐོབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
ངེས་པར་དུ་དམིགས་ཚད་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་དང་། བསམ་བློའི་འདུ་ཤེས་ཟམ་མི་ཆད་པར་གསར་བརྗེས། འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པ། “དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་དངོས་འདོན་པ་དང་གྲུབ་འབྲས་གསར་པ་གཏོད་པ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་སྤོང་བ་དང་ཐ་དད་དུ་འགྱུར་བ་གཉིས་གཏན་འགོག་བྱས་ཡོད། ལས་དོན་གྱི་ཕན་འབྲས་དེ་ལས་དོན་མཐའ་དག་གི་མཐའ་མའི་ཞིབ་བཤེར་དུ་བརྩི་བ་དང་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་ལས་དོན་གྱི་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་བཏང་ཚེ། གཞི་ནས་སྤྱོད་ཚུལ་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་གཉིས་ཀར་དམ་འཛིན་དང་གཉིས་ཀར་སྐུལ་འདེད་གཏོང་ཐུབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
ངེས་པར་དུ་གོང་གིས་འོག་ལ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། མིག་དཔེའི་སྟོབས་ཤུགས་ནི་འཛད་མཐའ་བྲལ་བ་ཞིག་ཡིན། སྤྱོད་ཚུལ་ལེགས་གཏོང་ཐད་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་རྩིས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་གཏོང་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་བཅོས་སྒྲིག་ལ་དམ་འཛིན་བཅས་བྱས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་དེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཐུབ་པ་བྱེད་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་དཔེ་སྟོན་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ལ་སྒྲུབ་པར་ཁྲིད་སྟོན་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་མཐའ་འཁྱོངས་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཚེ་སྤྱོད་ཚུལ་འཛུགས་སྐྱོང་ལ་གཞི་ནས་སྒུལ་ཤུགས་ཆེན་པོ་ལྡན་པ་དང་གཞི་ནས་གོང་འོག་མཐུན་སྦྱོར་དང་ཕྱར་བ་གྲུ་འདེགས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཐུབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
ངེས་པར་དུ་ལམ་ལུགས་འཛུགས་སྐྱོང་ལ་གཙིགས་ཆེན་བྱས་ནས་ཚན་རིག་དང་མཐུན་པའི་ལམ་སྲོལ་ཆགས་པར་བྱེད་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་ཕུགས་ཀྱི་ལས་དོན་ལ་དམིགས་པ་དང་། ལག་ལེན་བྱེད་གྱིན་ཕྱོགས་སྡོམ། ལམ་ལུགས་ཀྱི་རླུང་ཙེ་ཟམ་མི་ཆད་པར་དམ་དུ་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བར་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད། ལམ་ལུགས་ལ་རྩ་བར་དོ་དམ་དང་ཕུགས་ལ་དོ་དམ་བྱེད་པའི་ནུས་པ་ལྡན་ཡོད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཚེ། གཞི་ནས་སྤྱོད་ཚུལ་གྱི་ནད་གཞི་རྩ་བཅོས་ཐུབ་པ་མ་ཟད། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཐུབ་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།
གཉིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་བསལ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།
2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་ཤུགས་རྒྱུན་འཁྱོངས་དང་སྙིང་རུས་གཏན་འཁྱོངས་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་། བློ་སེམས་གཅིག་སྒྲིལ་གྱིས་ལས་དོན་ཧུར་ཐག་སྒྲུབ་པའི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
གཅིག་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཡིན་པ་དང་། དེས་ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཞིག་ཏུ་བརྩིས་ཏེ། ཆབ་སྲིད་ཐོག་ནས་གནད་དོན་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བྱས་ཏེ་དམིགས་ཚད་ཡང་དག་འཚོལ་བ་དང་། ཁ་ཕྱོགས་ཡང་དག་འདེམས་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་ཞུན་བརྡར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་རྒྱལ་ཁབ་དང་། བོད་ལྗོངས། ཉེ་འགྲམ་བཅས་སུ་ཐོན་པའི་འགྱུར་ལྡོག་ཆེན་པོའི་ཁྲོད་སྲོག་ཤིང་གི་སྟོབས་ཤུགས་དང་། འགྲོ་ལམ་གྱི་གལ་ཆེའི་རང་བཞིན། བདེན་དོན་གྱི་རླབས་ཆེན་བཅས་མྱོང་ཚོར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་མཐའ་གཅིག་ཏུ་བྱེད་པ་དང་ཏང་དང་། མི་དམངས། ཏང་གི་བྱ་གཞག་བཅས་ལ་སྔ་ཕྱི་བར་གསུམ་དུ་བློ་དཀར་སེམས་དཀར་བྱེད་དགོས།
རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ནས“དགོངས་པ་སློབ་སྦྱོང”དེ་ཏང་ཨུད(ཏང་ཙུའུ)ཚོགས་འདུའི་གྲོས་གཞི་ཨང་དང་པོར་བརྩིས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཤེས་སྦྱོར་གཅིག་མཐུན་དང་ཤེས་བྱར་བརྟེན་ནས་ལག་ལེན་ལ་སྐུལ་མ་གཏོང་བ་དང་ལག་ལེན་ལ་བརྟེན་ནས་ཤེས་བྱ་སྦྱོང་བ། རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མཐའ་དག་དོན་དངོས་ལ་གཞིགས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་བྱ་ཐབས་དང་ལས་ཀའི་དམིགས་ཚད་བཟོ་བ་དང་། གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་ཀྱི་སློབ་གསོ་ཏན་ཏིག་ངང་སྤེལ་བ། དོན་དངོས་ལ་གཞི་ཚུགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ནས“རྫུན་ཆེ་སྟོང་གསུམ”མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
གཉིས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་རྒྱ་སྐྱེད་གཏིང་ཟབ་གཏོང་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། ཀྲུང་དབྱང་གིས་འཚོགས་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དེ་དམ་འཛིན་ནན་པོ་དང་། ཏན་ཏིག ཡག་པོ་བཅས་མཐའ་གཅིག་ཏུ་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། མངོན་མེད་ཐབས་སྒྱུར་དང་རྣམ་པ་དཔེ་གསར་གྱི་གནད་དོན་ལྷག་ཡོད། ས་གནས་དང་ལས་བྱེད་པ་ཁ་ཤས་ཀྱིས“སྲིད་དོན་ལས་རྗེས་ཀྱི་འདུ་འགོད”དང་། “ངོ་སོའི་འདུ་འགོད” “རྟགས་མཚོན་ལས་གྲྭ”བཅས་གཉེར་གྱི་ཡོད། ལ་ལར་དཔོན་ཉམས་རིང་ལུགས་དང་ཡིག་ཆའི་རིང་ལུགས་ཚབས་ཆེན་ལྡན་པ་དང་། འགན་འཁྲི་མི་ཁུར་བ། སྲིད་ཇུས་ལག་བསྟར་ལ་རིམ་པ་བཞིན་འགན་འཁྲི་སྣོན་གྱི་ཡོད། འགའ་ཞིག་གིས་ཁུར་པོ་ཡང་གཏོང་གི་བྱེད་ཐབས་དོན་འཁྱོལ་བྱེད་སྐབས་ཁྲལ་སེལ་སླ་བཅོས་དང་རྣམ་པར་འགྱུར་ལྡོག་གཏོང་བ་དང་། ཚོགས་ཡིག་གཉིས་བསྡུས་ཁྲལ་མངོན་སླ་བཅོས་དང་གྲངས་ཀའི་རོལ་རྩེད་རྩེ་བ་བཅས་བྱེད་ཀྱི་ཡོད། གནད་དོན་དེ་དག་ནི་སྤྱོད་ཚུལ་གྱི་གནད་དོན་ཙམ་མ་ཟད། ཆབ་སྲིད་ཀྱི་གནད་དོན་ཡང་ཡིན་པས། གཞི་རིམ་གྱི་ཁུར་པོ་ལྕི་རུ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་སེམས་ཆུང་དུ་བཏང་ཁར། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་གནོད་འཚེ་གཏོང་བ་དང་། ཏང་གི་གཟུགས་བརྙན་དང་སྙན་གྲགས་ལ་གནོད་འཚེ་ཡང་བཟོ་གི་ཡོད་པས་ངེས་པར་དུ་ཐག་གཅོད་ཏན་ཏིག་བྱེད་དགོས།
གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། ཀྲུང་དབྱང་གིས་བཏོན་གནང་བའི་ཕྱོགས་11ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ལག་ལེན་བསྟར་རུང་བ་དང་། ཚད་འབེབས་ཆོག་པ། དཔྱད་ཞིབ་ཆོག་པ་བཅས་ཀྱི་བྱེད་ཐབས་ཚན་རིག་དང་མཐུན་པའི་ངང་བཟོ་དགོས། ཡིག་ཆ་བཀྲམ་ནས་ཚོགས་འདུ་འཚོག་པའི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་དང་ཡིག་ཆ་དང་ཚོགས་འདུའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ནས། རིམ་པ་བཞིན་ཚོགས་འདུ་འཚོགས་པ་དང་རིམ་པ་བཞིན་ཚོགས་འདུར་ཕེབས་རོགས་ཞུ་བར་གཏན་འགོག་བྱེད་དགོས། སྤྱི་འདོམས་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ལ་ཁ་ཕྱོགས་པའི་ལྟ་སྐུལ་ཞིབ་བཤེར་གྱི་བསྡོམས་འབོར་དང་ཐེངས་གྲངས་ཚོད་འཛིན་ནན་པོ་བྱེད་དགོས། “མཛུབ་སྒུལ་ཕྱི་ཚུལ་རིང་ལུགས”བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། གཞི་རིམ་གྱིས་སེམས་ནུས་མང་པོ་བཏོན་ནས་རེའུ་མིག་རྒྱོང་བ་དང་། གྲངས་ཀ་འདོན་པ། དཔྱད་གཞི་སྐྱེལ་བ་བཅས་བསྐྱར་ཟློས་མི་བྱེད་པར་དུས་ཚོད་དེ་བས་མང་བ་ལས་ཀའི་ནང་སྤྱོད་ཐུབ་པ་བྱེད་དགོས། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་བ་དང་། རྫོང་རིམ་པ་མན་གྱི་ཚན་པ་ནས་ལས་བྱེད་པ་གཡར་འཐེན་བྱེད་པར་ཚོད་འཛིན་ནན་པོ་བྱེད་དགོས། དཔྱད་ཞིབ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ལས་ཀའི་ཕན་འབྲས་ལ་དཔྱད་ཞིབ་བྱེད་དགོས།
དོན་དངོས་ནང་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། བརྟག་དཔྱད་མ་བྱས་ཚེ་སྐད་ཆ་ཤོད་དབང་མེད། རིམ་པ་ཁག་གི་ལས་བྱེད་པས་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཚེ་གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་དང་གནས་ཚུལ་དངོས་ཁོང་དུ་ཆུད་ཐུབ། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཐག་རིང་ལུང་ཁུག་དང་དཀའ་ངལ་ཆེ་ཁུལ། འགལ་ཟླ་མངོན་གསལ་དོད་པ། གནས་ཚུལ་རྙོག་འཛིང་ཆེ་བ་བཅས་ཀྱི་ས་ཆར་མང་ཙམ་བསྐྱོད་ནས། དམངས་ཚུལ་ཤེས་རྟོགས་དང་། དམངས་ངལ་སེལ་བ། དམངས་སེམས་དྲོ་བ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དོན་གཉེར་བཅས་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བཅས་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡིག་ཆར་བརྟེན་ནས་ཡིག་ཆ་དོན་འཁྱོལ་དང་ཚོགས་འདུར་བརྟེན་ནས་ཚོགས་འདུ་དོན་འཁྱོལ་བྱ་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་བཤད་པ་དེ་བསྒྲུབས་པར་བརྩི་བ་དང་། བཤད་ཚར་བ་དེ་བསྒྲུབས་ཚར་བར་བརྩི་བ། ཏོག་ཙམ་བསྒྲུབས་པ་དེ་རྦད་དེ་བསྒྲུབས་པར་བརྩི་བ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
གསུམ་ནས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ནང་གནས་ཀྱི་བླང་བྱར་བརྩི་བ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་སེམས་ནི་ཆབ་སྲིད་ཆེ་ཤོས་དང་རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་ཞེས་ནན་བཤད་གནང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ལྟར། མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་བྱ་བ་ནས་འགོ་འཛུགས་པ་དང་མང་ཚོགས་ཀྱི་བློ་ལ་གཏན་ནས་མི་བབ་པའི་ས་ནས་བཅོས་སྒྲིག་བྱས་ཏེ་མི་དམངས་མང་ཚོགས་དངོས་འབྲེལ་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས།
མིག་སྔར། བོད་ལྗོངས་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ལ་སྣང་ཆུང་བྱེད་མི་རུང་། མི་འབོར་གྱི་གནད་དོན་ལ་ཐག་གཅོད་བྱེད་དགོས་པ་ནི་མིའི་བྱང་ཚད་ཀྱི་གནད་དོན་ཡིན་པ་དང་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་འཕེལ་རིམ་གཏན་འཁེལ་བྱེད་ཀྱི་ཡོད། སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མང་ཚོགས་ཀྱི་སློབ་གསོ་དང་ལེན་བྱེད་ཚད་མཐོ་རུ་གཏོང་བ། མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མིའི་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མི་སེམས་ཀྱི་གནད་དོན་ལ་ཐག་གཅོད་བྱེད་དགོས་པ་ནི་བློ་ཕྱོགས་གཏད་མིན་དང་སྟོབས་ཤུགས་བསྡུར་བའི་གནད་དོན་ཡིན་པས་ཏང་དང་མི་དམངས་ཀྱི་བྱ་གཞག་བོད་དུ་རྒྱལ་ཕམ་ཇི་ཡོང་གཏན་འཁེལ་བྱེད་ཐུབ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས་མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་རང་རྟོགས་ངང་ཁ་ཕྲལ་ཕྱོགས་གཏོགས་དང་འཐབ་རྩོད་བྱེད་ཐུབ་པར་བྱེད་དགོས། ཤེས་ལྡན་པའི་གནད་དོན་ལ་ཐག་གཅོད་བྱེད་དགོས་པ་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཀྱི་གནད་དོན་ཡིན་པས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དང་ཆུ་ཚད་གཏན་འཁེལ་བྱེད་ཐུབ། ཤེས་ལྡན་པའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གདིང་རྩའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།
མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་སྟེ་རང་ཉིད་མང་ཚོགས་སུ་བརྩི་བ་དང་མང་ཚོགས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ནས་མི་སེར་ལ་གུས་བཀུར་དང་མི་སེར་ཁྲོད་དུ་སྐྱོད་པ་དང་། མི་སེར་ལ་སྐད་ཆ་ཤོད་རོགས་དང་མི་སེར་དང་བསམ་ཚུལ་བརྗེ་རེས་བྱེད་པ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་ཞིབ་འཇུག་བྱེད་པ། བརྩེ་སེམས་བཅངས་ནས་མང་ཚོགས་ལ་གནད་དོན་སེལ་རོགས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ལྷད་མེད་བརྩེ་སེམས་དངོས་འབྲེལ་བཅངས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ལ་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
རང་སར་མི་བཞག་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས། བྱ་བ་ཁ་ཤས་བལྟས་ན་དོན་ཆུང་ཡིན་མོད། འོན་ཀྱང་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དོན་ཆེན་རེད། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཞག་སྟེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་སྔར་བས་མང་བ་སྤྱོད་པ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”གཏིང་ཟབ་ཕྱོགས་སུ་རྒྱ་སྐྱེད་གཏོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པ། དམངས་འཚོའི་མཐའ་ཚད་གནད་འཁེལ་དང་བརྟན་པོ་སྲུང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས།
བཞི་ནས་དངོས་སྒྲུབ་དང་རང་འགན་ཐེག་པ་འཁུར་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཞིབ་དཔྱད་ཀྱི་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རང་འགན་གཙང་སྒྲུབ་ཀྱི་འདུ་ཤེས་རྒྱུན་སྲིང་ལྷོད་མེད་ངང་ཟབ་ཏུ་གཏོང་དགོས། བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་བྱ་ཐབས་ཁ་གསལ་པོ་ཡོད་པས། ད་ཆ་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་འགག་རྩར་ཐུག་ཡོད། སྐོར་གཟིགས་དང་སྐོར་ཞིབ་བྱས་ཚུལ་ལ་བལྟས་ན། ཏང་ཡོན་ལས་བྱེད་པ་འགའ་ཞིག་འགན་འཁུར་རྒྱུ་དང་ཉེན་ཁར་སྐྲག་ནས་འགན་འཁུར་བའི་སྙིང་སྟོབས་མེད་པ་དང་། འགའ་ཞིག་གིས་དོ་དམ་བྱེད་མི་ཕོད་པ་དང་དོ་དམ་ནན་པོ་མི་བྱེད་པར་ལས་ཀ་བྱེད་སྐབས་བློ་རྩ་བརྟན་པོ་མེད་པ་དང་དམ་འཛིན་དང་དོ་དམ་ནན་པོ་བྱེད་པར་གདིང་ཤུགས་མེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྣམ་པ་ཀུན་ཏུ་ལྷོད་པོར་སྡོད་བཟོད་མི་བདེ་བའི་ཉེན་ཁའི་བསམ་པ་དང་། དུས་ཚོད་ཀྱིས་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ། སྔོན་ཐོན་བརྩོན་ལེན་གྱི་འགན་སྒྲུབ་བསམ་པ་བཅས་ལ་བརྟེན་ནས་སྣེ་ཁྲིད་དེ་རང་འགན་གཙང་སྒྲུབ་དང་འབད་འབུངས་ཡར་བརྩོན་གྱིས་བོད་ཀྱི་བྱ་གཞག་ཁག་གི“ལམ་འབྱེད་གདོང་ལེན་པ”ཡག་པོ་ཞིག་བྱེད་དགོས།
སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོ་འཛུགས་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ནི་མེ་ལོང་ལྟ་བུ་ཞིག་ཡིན་པས་ཕུགས་བསམ་དང་དད་སེམས་ལ་ཚོད་བགམ་དང་འགན་འཁྲི་དང་ལས་འགན་སྒྲུབ་སེམས་མཚོན་ཡོད། ལས་སྒྲུབ་ལས་གཏོད་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྲིད་དོན་ལས་རྗེས་མངོན་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ལ་བརྩིས་ནས་བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། དེ་དང་ཆབས་ཅིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་སྲིད་དོན་ལས་རྗེས་ལ་གདེང་འཇོག་ཚན་རིག་དང་མཐུན་པ་བཅས་བྱས་ཏེ་ཆེ་འདོད་གྲགས་ཞེན་དང་། ཁེ་སྤོགས་འདོད་གདུང་། མི་བདེན་རྫུན་སྒྲིག་བཅས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། འཛམ་གླིང་ཐོག་གི་བྱ་བ་ཚང་མ་ལག་ལེན་ལས་བྱུང་བ་ཡིན་པས། ལག་ལེན་མ་བསྟར་ན་མར་ཁེ་སི་རིང་ལུགས་འབྱུང་ཐབས་མེད། “འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་སྒྲུབ་དགོས་པའི་ལས་དོན་མཐའ་གཅིག་ཏུ་སྒྲུབ་དགོས་པ་ལས་ནར་འགྱངས་གཏན་ནས་བྱེད་མི་རུང་བ་དང་། སྒྲུབ་ཐུབ་པའི་ལས་དོན་འཕྲལ་མར་སྒྲུབ་དགོས་པ་ལས་སྒུག་སྡོད་གཏན་ནས་བྱེད་མི་རུང་བ། སྒྲུབ་དཀའ་བའི་ལས་དོན་ཐབས་ཤེས་བཏོན་ནས་སྒྲུབ་པ་ལས་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ། གཞོགས་འདེགས་བྱེད་པའི་ལས་དོན་མཉམ་དུ་སྒྲུབ་དགོས་པ་ལས་ལས་གཡོལ་གཏན་ནས་བྱེད་མི་རུང་བ་བཅས་བྱས་ཏེ་ཕྱི་ཚུལ་ཚ་ཚ་འུར་འུར་དང་། ནང་དོན་སྟོང་པ་ཡིན་པ། ཕན་འབྲས་མེད་པ་བཅས་ཀྱི་སྣང་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ད་ཆ། འགོ་ཁྲིད་ལས་བྱེད་པ་ལ་ལ་ཁ་ཤོབ་དང་སྐད་ཆ་སྟོང་པ་ཤོད་རྒྱུར་དགའ་བ་དང་སྒྲུབ་མི་ཐུབ་པའི་སྐད་ཆ་རྐྱང་བཤད་པས་ཐ་ན་མང་ཚོགས་ཀྱི་གླེང་ཕྱོགས་ཀྱི་གཙོ་གནད་དུ་གྱུར་ཡོད། ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྐད་གྲགས་མེད་པར་ལས་དོན་སྒྲུབ་པ་དང་། ཁེངས་སྐྱུང་ངང་མི་ཚུལ་ལྡན་ཞིག་བྱེད་པ། འཇོན་ཐང་ཇི་ཙམ་ཡོད་ན་ལས་དོན་དེ་ཙམ་སྒྲུབ་པ་བཅས་བྱེད་པ་ལས་འུད་ཤོབ་ཆེན་པོ་ཤོད་པ་དང་དོན་མེད་སྟོང་བཤད་བྱེད་རིགས་གཏན་འགོག་བྱེད་དགོས།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནི་ང་ཚོའི་ལས་ཀའི་ཁ་ཕྱོགས་ཡིན་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།
ལྔ་ནས་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་དམིགས་ཚད་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་རྗེས་ལས་བྱེད་པ་ནི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་རེད། ལས་བྱེད་པའི་དཔུང་ཁག་གི་ཆུ་ཚད་མཐོ་དམན་གྱིས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད། མིག་སྔར། ལས་བྱེད་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་ཅུང་མཐོ་རུ་ཕྱིན་ཡོད་པ་དང་གཞུང་ཕྱོགས་ནས་བལྟས་ན་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། འོན་ཀྱང་ལས་བྱེད་པ་རེ་ཟུང་གི་ལས་ཀའི་འཇོན་ཐང་ད་དུང་མི་འདང་བ་དང་། འགའ་ཞིག་ལ་ལས་ཀ་བྱེད་འདོད་པའི་བསམ་བློ་ཡོད་མོད། འོན་ཀྱང་ལས་ཀའི་འཇོན་ཐང་གིས་རྗེས་ཟིན་གྱི་མེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱས་རྗེས་རྙིང་པར་མི་བརྟེན་པར་བྱས་རྗེས་གསར་པ་འཇོག་པའི་བསམ་བློའི་ཐོག་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་ནུས་དང་། ལས་སྒྲུབ་ལས་གཏོད་ཀྱི་ལག་ལེན་བསྟར་ནུས། མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་གསར་གཏོད་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས།
བསམ་བློའི་འདུ་ཤེས་གསར་སྒྱུར་བྱེད་དགོས། འདུ་ཤེས་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན་ཞིང་། འགོ་ཁྲིད་ལས་བྱེད་པའི་བསམ་བློའི་འདུ་ཤེས་ལ་བཅིངས་འགྲོལ་གཏོང་ཚད་ཀྱིས་ས་ཁུལ་ཞིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་གཏན་འཁེལ་བྱེད་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པའི་བསམ་བློའི་འདུ་ཤེས་བསྒྱུར་མགྱོགས་པའི་ཚན་པ་དང་སྡེ་ཚན་ཡིན་ཕྱིན་ལས་ཀ་ཡག་པོ་སྤེལ་ཐུབ་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་ཐུབ་པའི་ས་ཆ་ཞིག་ཡིན་ཕྱིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་ཙམ་ཡོང་ཐུབ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་ཐུབ་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དངོས་ནས་འགོ་བཙུགས་ཏེ་དུས་བསྟུན་འཕེལ་རྒྱས་ངང་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་ནས། དུས་བབ་ཀྱི་འགྱུར་ལྡོག་དང་རང་འགུལ་ངང་འཚམ་པ་དང་། འདུ་ཤེས་རྙིང་པ་དང་གོམས་འཇགས་བསམ་གཞིག་རང་རྟོགས་ངང་དོར་ཏེ་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པར་བརྟེན་ནས་དུས་རབས་གསར་པའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཀྱིས་འགོ་ཁྲིད་ལས་བྱེད་པའི་བློ་རྒྱ་གཏན་འཁེལ་བྱེད་པ་དང་དེ་ནི་འགོ་ཁྲིད་ལས་བྱེད་པར་བཏོན་པའི་གཞི་རྩའི་བླང་བྱ་ཞིག་རེད། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་རང་རྟོགས་ངང་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་གཏོང་བ་དང་། རང་རྟོགས་ངང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཀྱི་བྱ་སྤྱོད་ཐོག་ནས་བྱ་གཞག་ཁག་ལ་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་གཏོང་དགོས། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་དགོས། སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་པས་མི་དམངས་སྲིད་གཞུང་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། སྲིད་གཞུང་གི་ལས་ཀ་ཡག་པོ་བྱུང་ཡོད་མེད་དེ་མི་དམངས་མང་ཚོགས་ཀྱིས་ཞིབ་བཤེར་དང་། ལྟ་སྐུལ། ཤན་འབྱེད་བཅས་བྱེད་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྟན་པོ་འཛུགས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་བ། སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ། སྲིད་འཛིན་གྱི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་ཡ་མོན་གྱི་དཔོན་ཉམས་སྤྱོད་ཚུལ་གཏན་འགོག་བྱེད་དགོས། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཆེ་རུ་གཏོང་དགོས། བོད་ཀྱི་རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ནི་རྒྱལ་ཁབ་དང་། མི་དམངས། བོད་ཀྱི་བྱ་གཞག་བཅས་ལ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པར་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་ལས་ཀའི་ཁྲོད་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། འཇོན་ཐང་ཆེར་གཏོང་དང་སྤྱོད་ཚུལ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཆེ་རུ་བཏང་ནས། ཏང་དང་རྒྱལ་ཁབ་ལ་ལུས་འབུལ་དྲིན་གཟོ་ཞུ་བ་དང་སྒེར་དོར་སྤྱི་སྐྱོང་བྱ་རྒྱུ་མི་ཚེའི་དམིགས་ཡུལ་དུ་བརྩིས་ནས་ཐོབ་རེ་གཙོ་བོར་བྱས་ཏེ་རང་དོན་རིང་ལུགས་དང་རང་ཁེ་རང་ཕན་གྱི་གནས་སུ་ལྷུང་རིགས་གཏན་ནས་བྱེད་མི་རུང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས། འགན་འཁྲི་དང་ལས་འགན་གྱི་ཐོག་ནས་ལས་བྱེད་པ་ཞིག་གི་ཏང་གཤིས་དང་སྤྱོད་ཚུལ་མཚོན་གྱི་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། བྱ་བ་བསྒྲུབ་མ་ཚར་བར་ཟས་ཀྱི་དང་ག་མེད་པ་དང་གཉིད་ཐེབས་ཆག་པའི་འགན་འཁྲིའི་སེམས་པ་མཐའ་འཁྱོངས་བྱས་ཏེ། རང་འགན་གཙང་སྒྲུབ་དང་སྤྱོད་གཙང་སྤྱི་གཞོལ་གྱིས་གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་ཧུར་ཐག་སྒྲུབ་དགོས།
ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས། དམ་པ་དོན་གཉེར་ནི་ལས་བྱེད་པར་ངེས་པར་དུ་ལྡན་དགོས་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་དང་ཆབ་སྲིད་ཀྱི་རང་གཤིས་རེད། རྩ་འཛུགས་ཀྱི་ངོས་ནས་བརྗོད་ཚེ། ལས་བྱེད་པར་ལས་ཀ་བྱེད་ཕོད་པའི་ཁོར་ཡུག་ཅིག་བཏོད་ནས་ལས་བྱེད་པའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་བློ་ཁོག་ཆེན་པོས་ལས་དོན་བསྒྲུབ་རྒྱུར་ལྕག་སྐུལ་བྱེད་དགོས། ལས་བྱེད་པའི་ངོས་ནས་བརྗོད་ཚེ། རྒྱུན་ཆད་མེད་པར་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ནས་རང་འཁྲིའི་ལས་དོན་སྒྲུབ་ཐུབ་པར་བྱེད་དགོས། ཉམས་མྱོང་ནི་ལག་ལེན་ལས་ཐོབ་པ་དང་། འཇོན་ཐང་ནི་སྦྱོང་བརྡར་ལས་བྱུང་བ་ཡིན་ཞིང་། འཇོན་ཐང་ནི་རིམ་བཞིན་གསོག་འཇོག་དང་རིམ་བཞིན་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལག་ལེན་ཁྲོད་བདེན་པ་མངོན་རྟོགས་དང་བདེན་དོན་རྟོགས་རྒྱུར་མཐོང་ཆེན་བྱས་ཏེ། ལས་དོན་སྒྲུབ་པ་དང་སློབ་སྦྱོང་བྱེད་ཞོར་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཤེས་སྦྱོར་གཅིག་མཐུན་ཁྲོད་འཇོན་ཐང་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་འཇོན་ཐང་དང་། སྒྱུར་བཅོས་སྒོ་དབྱེའི་འཇོན་ཐང་། འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་། ཁྲིམས་བཞིན་ལས་དོན་སྒྲུབ་པའི་འཇོན་ཐང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་འཇོན་ཐང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཁྱབ་ཁོངས་འདི་ག་དང་སྡེ་ཚན་འདི་གའི་ལས་སྒོ་བྱང་ཆུབ་པའི་མི་ཞིག་ཧུར་ཐག་བྱེད་དགོས།
དྲུག་ནས་སྒྲིག་སྲོལ་དང་ལམ་སྲོལ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་རྩ་བཅོས་ཀྱི་ཐབས་ཇུས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་ལྡན་ཅན་དང་། ཚན་རིག་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འགག་སྒྲོལ་གྱི་དམག་འཐབ་ཅིག་ཡིན་ལ་རྒྱུན་སྲིང་གི་དམག་འཐབ་ཅིག་ཀྱང་ཡིན་པས། རིགས་དབྱེ་ཇུས་འདོན་བྱེད་དགོས་པ་མ་ཟད། ཕྱི་ནང་མཉམ་བཅོས་ཀྱང་བྱེད་དགོས། རྒྱུན་གཏན་དང་ཡུན་རིང་དང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཕྲ་བཅས་ཀྱི་ཐོག་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་ཀྱི་ཕུགས་ཕན་ནུས་པ་འདོན་སྤེལ་བྱས་ནས། ལམ་ལུགས་ལ་བརྟེན་ནས་མི་དང་། བྱ་བ། སྤྱོད་ཚུལ་བཅས་ལ་དོ་དམ་ཏན་ཏིག་བྱེད་དགོས།
དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལམ་ལུགས་ཀྱིས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མངོན་སུམ་གྱི་ཤེས་པ་རྗེས་དཔག་གི་ཤེས་པར་འཕྲལ་དུ་འགྱུར་བར་བྱས་ནས། སྤྱོད་གོ་ཆོད་པའི་བྱ་ཐབས་གཏན་འཁེལ་བྱས་ཏེ། ལམ་ལུགས་ཀྱི་བྱ་ཐབས་སུ་སྒྱུར་དགོས། བཟོ་བཅོས་དོར་འགྲེལ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་སྐྱོན་ཆ་དང་ཞན་ཆ་སེལ་བ་དང་། སྒྲིག་སྲོལ་དང་། ལམ་སྲོལ། ལམ་ལུགས་བཅས་དབར་གྱི་མཐུན་སྦྱོར་གཞོགས་འདེགས་དང་ཕན་ཚུན་འབྲེལ་མཐུད་ལ་སྣང་ཆེན་བྱས་ཏེ། གཏན་ལ་ཕབ་པའི་ལམ་ལུགས་ཚང་མ་སྤྱོད་བདེ་ཞིང་སྤྱོད་གོ་ཆོད་པར་འགན་ལེན་བྱེད་དགོས།
དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་བརྟེན་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ཐུབ་བྱེད་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“དབྱེ་འབྱེད་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་ནས་ལས་བྱེད་པའི་རང་འགན་ཐེག་པ་འཁུར་ལེན་ལ་སྐུལ་ལྕག་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་ནུས་ལྡན་འཐུས་སྒོ་ཚང་དུ་བཏང་སྟེ། ཐེག་པ་འཁུར་མཁན་ལ་འགན་འཁུར་བ་དང་། འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ། སྒྱུར་བཅོས་གསར་གཏོད་བྱེད་མཁན་ལས་བྱེད་པར་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས། ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་དང་ལས་དོན་ཧུར་ཐག་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།
དཔྱད་ཞིབ་གདེང་འཇོག་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཇི་ལྟར་བྱས་ཚུལ་ཉན་དགོས་པ་མ་ཟད། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་དེ་ལྟར་བྱས་ཡོད་མེད་ལའང་ལྟ་དགོས་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་གདེང་འཇོག་ལ་ཉན་ནས་ལས་རྗེས་ཞིབ་བཤེར་གྱི་ཚད་གཞིར་འཛིན་དགོས། མང་ཚོགས་ཀྱི་བློ་ཡོད་ཚིམ་ཚད་ཞིབ་དཔྱད་ཀྱི་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་། མང་ཚོགས་ཀྱི་གདེང་འཇོག་རང་འགུལ་ངང་དང་ལེན། མང་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་སློག་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།
གསུམ། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་རྒྱུར་འགན་ལེན་བྱེད་དགོས།
སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ནི་ཡུན་རིང་གི་ལས་འགན་ཞིག་རེད། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གཞི་རིམ་དུ་རྒྱ་སྐྱེད་སྣུར་སྲིང་བྱས་ཏེ། “གོང་ཚ་བ་དང་། བར་སྙོམས་པ། འོག་གྲང་བ”བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། ལས་དོན་ཁག་དོན་འཁྱོལ་ཏན་ཏིག་དང་། ཞིབ་ཚགས། མཐར་ཕྱིན་བཅས་ཐུབ་པར་འགན་ལེན་བྱེད་དགོས།
གཅིག་ནས་འགན་འཁྲི་ནན་དུ་གཏོང་བ་དང་ལས་འགན་ཞིབ་ཕྲ་བཟོ་དགོས། ཏང་གི་འགོ་ཁྲིད་ནི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྩ་བའི་འགན་ལེན་རེད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་ནན་པོ་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་གཅིག་གྱུར་མཐུན་སྦྱོར་དང་གནད་དོན་ཐག་གཅོད་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། བྱ་ཐབས་ཞིབ་ཚགས་སུ་གཏོང་བ། ཐབས་ཤེས་གསར་གཏོད་བཅས་བྱས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ནན་པོ་བྱས་ཏེ། དོན་འཁྱོལ་དེ་བས་ནུས་ལྡན་དང་དེ་བས་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས། ལས་རིགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་ལས་རིགས་འདི་ག་དང་ཁོངས་གཏོགས་འདི་གར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་གྱུར་བཀོད་འདོམས་དང་། ལས་བགོས་མཉམ་སྒྲུབ། ཁུར་མཉམ་ལེན། དོན་སྤྱི་སྒྲུབ་བཅས་བྱེད་པའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།
གཉིས་ནས་ཚན་རིག་དང་མཐུན་པའི་ལྟ་སྐུལ་ཞིབ་བཤེར་དང་བྱ་དགའ་ཆད་གཅོད་ཁ་གསལ་བཟོ་དགོས། སྐུལ་སློང་ཐེངས་མང་བྱེད་པ་ལས་འགན་འཁྲི་བདའ་འདེད་ཐེངས་གཅིག་བཏང་ན་དགའ། ལྐོག་ཞིབ་དང་གྲལ་བཤེར་བྱེད་ཤུགས་དང་། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་དེ་བྱ་དགའ་ཆད་གཅོད་ཀྱི་དཔྱད་ཞིབ་དང་མི་འདེམས་སྤྱོད་དང་ཟུང་འབྲེལ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་བརྡ་ཁྱབ་གཏོང་དགོས་རིགས་ལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ་དང་། བཅོས་སྒྲིག་བྱེད་དགོས་རིགས་ལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས་གཅིག་ལ་འགན་འཁྲི་བདའ་འདེད་གཏོང་བ་དང་། ཡུག་གཅིག་ལ་སློབ་གསོ་ཐེབས་པ། ཁག་གཅིག་ལ་ཉེན་བརྡ་གཏོང་བ་བཅས་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས། བྱ་དགའ་ཆད་གཅོད་ཁ་གསལ་བཟོ་རྒྱུ་མཐའ་འཁྱོངས་ཀྱིས་གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་བྱས་ཏེ། གཟེངས་བསྟོད་བྱ་དགོས་རིགས་ལ་མངོན་གསལ་དོད་པོས་གཟེངས་བསྟོད་བྱེད་དགོས་པ་དང་། ཆད་པ་གཅོད་དགོས་རིགས་ལ་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པར་ཆད་པ་བཅད་ནས། བྱས་རྗེས་འཇོག་མཁན་ལ་མཚན་སྙན་སྤྲོད་པ་ལས་མགོ་བདེ་དྲན་འཕྲུལ་མཁན་ལ་ཁེ་ཕན་སྤྲོད་རྒྱུ་མེད།
གསུམ་ནས་དཔེ་མཚོན་གྱིས་སྣེ་ཁྲིད་དེ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། དྲང་ཕྱོགས་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་མཁན་སྔོན་ཐོན་དཔེ་མཚོན་སྔོག་འདོན་དང་འདེམས་འཛུགས་བྱས་ཏེ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བསྡུར་སློབ་སྙེག་རོགས་བརྒལ་ལྔ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། རླུང་འཕྲིན་དང་བརྙན་འཕྲིན། སྨྱན་སྦྱོར་གསར་པ་སོགས་ཀྱི་ལས་སྟེགས་ཀྱི་གཞི་རྟེན་གང་ལེགས་སྤྱད་དེ། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕུལ་བྱུང་གི་ཏང་སྲོལ་དང་སྲིད་སྲོལ་ལ་བརྟེན་ནས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་སྐུལ་ཁྲིད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
བློ་མཐུན་རྣམ་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་ངོས་གསར་བརྗེ་བྱེད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས།