དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་དུས་ཚིགས་དང་པོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    ཉེ་ཆར། ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་གཡོག་བྱེད་དང་དཔྱིད་འདེབས་དཔྱིད་གྲབས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་འབྲེལ་ཡོད་ལས་དོན་བཀོད་གཏོང་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཚོཌ་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “ཞིང་གསུམ”ལས་དོན་ཁྲོད་ཞིང་འབྲོག་པའི་འབབ་འཕར་མངོན་གསལ་དོད་པོ་ཡོང་བར་བྱེད་པའི་ལྟེ་བའི་ལས་འགན་མཐའ་འཁྱོངས་ཀྱིས་འདེབས་འཛུགས་ལས་རིགས་ཐོན་སྐྱེད་ཁྲོད་འབྲུ་རིགས་བདེ་འཇགས་མངོན་གསལ་དོད་པོ་ཡོང་བ་དང་། འབྲོག་ལས་ཐོན་སྐྱེད་ཁྲོད་རྩ་ཐང་རྒྱ་ཆེར་དང་ཕྱུགས་རིགས་མང་དུ་གཏོང་བ་མངོན་གསལ་དོད་པོ་ཡོང་བ། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྲོད་མ་ལག་འདུས་གྲུབ་མངོན་གསལ་དོད་པོ་ཡོང་བ། ཞིང་འབྲོག་ཁུལ་སྒྱུར་བཅོས་ཁྲོད་ནུས་བརྟེན་གསར་གཏོད་མངོན་གསལ་དོད་པོ་ཡོང་བ། ལས་དོན་སྲ་བརྟན་འབྲེལ་མཐུད་ཁྲོད་མཐའ་ཚད་བརྟན་སྲུང་མངོན་གསལ་དོད་པོ་ཡོང་བ། རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁྲོད་སྤུས་ཚད་དང་མྱུར་ཚད་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་། རང་འགན་ཐེག་པ་ཁུར་ལེན་ཤུགས་ཆེར་གཏོང་བ། མིག་སྔའི་ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལས་དོན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།