དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-26

    ཚེས་23ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་2024ལོའི་ལོ་འཁོར་གྱི་པུའུ་དོན་ཨུ་ལྷན་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་རྩ་འཛུགས་པུའི་2024ལོའི་ལས་དོན་གྱི་གཙོ་གནད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་ཐོག་2024ལོའི་རྩ་འཛུགས་ལས་དོན་གྱི་དམིགས་ཚད་ལས་འགན་ཁ་གསལ་བཏོན་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་དམ་འཛིན་ནན་ཏན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས། མི་འདེམས་མི་སྤྱོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། མི་སྣ་ཡང་དག་པར་སྤྱོད་པའི་སྟོན་ཕྱོགས་ཀྱིས་ལས་སྒྲུབ་ལས་གཏོད་ཀྱི་སྟོན་ཕྱོགས་ལ་ཁྲིད་སྟོན་བྱེད་པ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཏན་ཏིག་བྱེད་པ། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ། ལས་བྱེད་པའི་ཐེག་པ་འཁུར་ལེན་ལ་སྐུལ་ལྕག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་སྲིད་ཇུས་ཀྱི་བྱེད་ཐབས་ཁག་ལ་བརྩི་བ་བཅས་བྱས་ནས་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། ཏང་སྲིད་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཚམ་པའི་སྒྲིག་གཞིའི་འགན་ནུས་མ་ལག་སྐྲུན་དགོས། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་སྐྱོར་གྱི“གཉིས་བསྡུ་གཉིས་འདྲེན”དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཤེས་ལྡན་པ་མཐའ་སྐྱོང་བོད་བརྟན་གྱི་ཐོན་ཁུངས་ཨང་དང་པོར་བརྩིས་ཏེ་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཕྱོགས་ཡོངས་ནས་ནང་འདྲེན་དང་བེད་སྤྱོད་ཡག་པོ་བྱེད་དགོས། འཇུག་སྒོ་ནན་སྲུང་དང་ཐོན་སྒོ་བཤངས་ཏེ་རྒྱུན་གཏན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་དང་ཏང་ཡོན་དཔུང་ཁག་སྟོབས་ཆེར་གཏོང་དགོས། རྩ་འཛུགས་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། གཞུང་དྲང་ཚུལ་མཐུན། ལས་སྒོ་བྱང་ཆུབ་པ། དམ་པ་དོན་གཉེར། གཞུང་དྲང་སྤྱོད་གཙང་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།