དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྐོར་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    རིག་གནས་བྱ་གཞག་དར་རྒྱས་དང་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-22

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་། བོད་ལྗོངས་ལྷ་མོ་ཚོགས་པ། གློག་བརྙན་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྐོར་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་དཔེ་མཛོད་ཁང་གི་དཔེ་དེབ་ཉར་ཚགས་དང་། གཡར་ལྟ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པ།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་། བོད་ལྗོངས་ལྷ་མོ་ཚོགས་པ། གློག་བརྙན་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྐོར་ལ་བརྟག་ཞིབ་གནང་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རིག་གནས་བྱ་གཞག་དར་རྒྱས་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རང་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    སྤྱི་པའི་རིག་གནས་ཞབས་ཞུའི་གཡུལ་ས་གཙོ་བོ་ཞིག་ཡིན་པའི་དཔེ་མཛོད་ཁང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལོང་བའི་དཔེ་ཀློག་ཁང་དང་། རྒྱ་ཡིག་དཔེ་ཀློག་ཁང་། བོད་ཡིག་དཔེ་ཀློག་ཁང་སོགས་སུ་ཕེབས་ནས་དཔེ་མཛོད་ཁང་གི་དཔེ་དེབ་ཉར་ཚགས་དང་། གཡར་ལྟ། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཝང་ཅུན་ཀྲེང་གིས་དཔེ་དེབ་ལྟ་བཞིན་པའི་གྲོང་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོང་ཚོར་སློབ་སྦྱོང་དེ་ཕུགས་བསམ་དོན་གཉེར་དང་། དགའ་ཕྱོགས། བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་བརྩིས་ནས་རང་རྟོགས་ངང་སློབ་སྦྱོང་དང་། རང་འགུལ་ངང་སློབ་སྦྱོང་། ཚེ་གང་སློབ་སྦྱོང་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཝང་ཅུན་ཀྲེང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་བཏང་ནས་དཔེ་དེབ་མང་ཙམ་ལྟ་བ་དང་། དཔེ་དེབ་ཡག་པོ་ལྟ་བ། དཔེ་དེབ་ལྟ་ཀློག་བྱེད་མཁས་པ་བཅས་དར་སྤེལ་བཏང་སྟེ་སྤྱི་དམངས་ཀྱིས་དཔེ་དེབ་ལྟ་ཀློག་གི་སྤྲོ་སྣང་དང་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ་དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་སྤྱི་ཚོགས་འཛུགས་སྐྱོང་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་སེམས་ལ་ཟུག་པ་བྱེད་དགོས་ཞེས་གསུངས་པ་རེད། བོད་ཡིག་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དང་ཉམས་གསོའི་ལྟེ་གནས་སུ་ཕེབས་སྐབས། སྒྲོག་ཙེའི་སྟེང་གནའ་དཔེ་དང་ཚད་ལྡན་ཡིག་ཆ་བསྒྲིགས་ཡོད་པ་དང་ཝང་ཅུན་ཀྲེང་གིས་ཐུགས་སྣང་གཤིན་པོས་གཟིགས་སྐོར་གནང་བ་དང་འབྲེལ་འཆད་འགྲེལ་ནན་ཏན་ངང་གསན་རྗེས་བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་ཞིབ་འཇུག་དང་། སྲུང་སྐྱོང་ཉམས་གསོ། གྲངས་འཛིན་ཅན་གཞན་སྒྱུར་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཉམས་གསོའི་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཚད་ལྡན་ཡིག་ཆར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་ནས་བོད་རིག་པའི་ཞིབ་འཇུག་གི་དམིགས་བསལ་གྱི་ལེགས་ཆ་ཧུར་ཐག་ཆགས་པར་བྱེད་དགོས་ལ། ཚད་ལྡན་ཡིག་ཆའི་རིག་དངོས་སྤྱོད་མཁས་པོ་དང་རིག་དངོས་དང་རིག་གནས་ཤུལ་བཞག་གི་སྣ་མང་རིན་ཐང་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཟློས་གར་ཚོགས་པས་གསར་དུ་བརྩམས་པའི་ལྷ་མོ《ལྗང་མདོག་ཁ་བཏགས》ནང་སྦྱོང་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་ལས་དོན་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་འཁྲབ་ཚན་གསར་རྩོམ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཟློས་གར་རྩེ་གྲ་ཡག་པོ་འཁྲབ་དགོས་ལ། འཁྲབ་ཚན་གསར་པ་རྒྱུན་ཆད་མེད་པར་གསར་རྩོམ་བྱས་ནས་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་བརྩམས་ཆོས་སྤུས་དག་དེ་བས་མང་བ་བརྩམས་ནས་མི་དམངས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་དེ་བས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་གཤོམ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་སྒྱུ་རྩལ་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྔོན་ཐོན་རིག་གནས་བརྒྱུད་བསྒྲགས་དང་། སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ། སེམས་ཁམས་བཟང་པོ་གཏོད་པ། ཀུན་སྤྱོད་དར་སྲོལ་སྐྱེད་སྲིང་སོགས་ལ་སྤྱི་པའི་རིག་གནས་ཀྱི་ཞབས་འདེགས་ཀྱི་ནུས་པ་དེ་བས་ཆེ་བ་འདོན་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུའི་ལྟེ་གནས་2021ལོར་སྒོ་བྱང་བཀལ་ཚུན། རང་ལྗོངས་ཀྱི་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་བའི་གཡུལ་ས་གཞན་ཞིག་ཏུ་གྱུར་ཡོད། ཝང་ཅུན་ཀྲེང་འདི་གར་ཕེབས་ནས་ལས་དོན་པའི་ས་ནས་གློག་བརྙན་བསྟན་ཚུལ་དང་། སྤྱི་པའི་ཞབས་ཞུ། སྒྱུར་བཅོས་བྱེད་ཐབས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཞབས་ཞུ་ལྟེ་གནས་ཀྱིས་དུས་རབས་ཀྱི་འཕོ་འགྱུར་ལ་གཞི་ཚུགས་ཏེ་སྤྱི་ཚོགས་ཀྱི་ཡར་ཐོན་མཚོན་པ་དང་། དོན་དངོས་དང་ཉེ་བཅར། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་དེ་བས་མང་བ་ཕབ་སྒྱུར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པའི་ལྕག་སྐུལ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་རིག་གནས་རིག་རྩལ་དར་རྒྱས་དང་འཕེལ་རྒྱས་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་། གཟུགས་བརྙན་བཟང་པོ་མངོན་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རིག་གནས་ཀྱི་ལས་འགན་གསར་པ་འཁུར་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ། ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་མུ་མཐུད་སྲུང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་རིག་གནས་སྟོབས་ཆེན་ལྗོངས་བསྐྲུན་པར་སྐུལ་འདེད་གཏོང་དགོས། རིག་གནས་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་བཏང་ནས་རིག་གནས་ཐོན་རྫས་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ལ་ཤུགས་སྣོན་རྒྱག་པ་དང་། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྤྲོད་བྱེད་པའི་བརྗོད་དོན་གཙོ་བོའི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཁྲིད་སྟོན་བྱས་ཏེ་དུས་རབས་གསར་པར་འབད་འཐབ་བྱེད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། རིག་གནས་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་མགྱོགས་མྱུར་གཏོང་བ། རིག་གནས་ཐོན་ལས་གྲངས་འཛིན་ཅན་གྱི་བཀོད་པར་སྐུལ་འདེད་གཏོང་བ། རིག་གནས་འཛད་སྤྱོད་བྱེད་ཐབས་གསར་པ་སྐྱེད་སྲིང་བཅས་བྱས་ནས། གྲུབ་ཆ་ལུགས་མཐུན་དང་གསར་གཏོད་དང་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་སྐྲུན་དགོས། བོད་ལ་དམིགས་བསལ་དུ་ལྡན་པའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རིག་གནས་ཡུལ་སྐོར་དེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་དེ་བཞིན་ལས་རིགས་གཞན་དང་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རིག་གནས་ཀྱི་ལས་རྣམ་གསར་པ་གསར་གཏོད་དང་འཕེལ་རྒྱས་གཏོང་བ། རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་ནུས་ལྡན་བྱེད་པ། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གནས་དམངས་ཕན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་དེ་བས་མང་བ་གཞི་རིམ་ལ་ཕྱོགས་པ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་གཞི་ཅན་དང་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས། རིག་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་པ་དང་རིག་རྩལ་གྱི་རྐང་འཛིན་དཔུང་ཁག་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་གསར་བརྗེས་དང་བྱེད་ཐབས་གསར་གཏོད་བྱེད་པ། གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལེགས་པ། བྱང་ཚད་ལེགས་པ། ལས་སྒོར་བྱང་པ་བཅས་ཀྱི་རིག་རྩལ་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས། དུས་རབས་གསར་པའི་རིག་རྩལ་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།