དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ཚོགས་འདུར་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཚེས་19ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། ཚད་མཐོའི“བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས”བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལས་འགན་སྒྲུབ་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པར་སྐུལ་འདེད་གཏོང་དགོས། “ངེས་གནས་དང་། གནས་བབ། ནུས་པ”བཅས་ཀྱི་གཏན་ཚིགས་ཀྱི་འབྲེལ་བར་གོ་བ་གཏིང་ཟབ་བླངས་ནས་ཆ་ཚང་བའི་བླང་བྱ་དང་། ནན་པའི་དགོངས་གཞི། བཅོས་སྐྱོང་འདུ་ཤེས་བཅས་དོན་འཁྱོལ་བྱས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རྩ་འཛུགས་སྡེ་ཚན་གྱི་འགན་ནུས་གང་ལེགས་འདོན་དགོས། “ཚད་གཞི་འཛུགས་པ་དང་། ཚད་གཞི་དང་བསྡུར་བ། ཚད་གཞི་ལོན་པ”བཅས་ཀྱི་ལས་ཀའི་བྱ་ཐབས་ཡག་པོ་སྤྱད་དེ་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དེ་ཆེས་རྩ་བར་གྱུར་པའི“གནས་ཚད་མ་ལག”ལ་བརྩིས་ནས་ལམ་སྲོལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་རྩ་འཛུགས་ལས་དོན་གྱི་གསར་གཏོད་རིམ་སྤོར་མངོན་འགྱུར་ཡོང་བར་བྱེད་དགོས། “གཞི་ཆེན་དང་། གཞི་འབྲིང་། གཞི་ཆུང”བཅས་ཀྱི་རིམ་པ་མི་འདྲ་བར་དམིགས་ནས་འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་། སྤྱི་ཡོངས་ལ་བསམ་གཞིག དོན་དངོས་ལ་མཐོང་ཆེན། མང་ཚོགས་དང་འབྲེལ་གཏུག་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་འདོན་ཁྲོད་རྩ་འཛུགས་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། “གནད་དོན་དང་། གྲུབ་ཆ། ཐབས་ཇུས”བཅས་ཀྱི་བརྒྱུད་རིམ་ལྡན་པའི་བསམ་གཞིག་མཐའ་འཁྱོངས་ཀྱིས་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ཏེ། གྲུབ་ཆའི་རང་བཞིན་གྱི་དབྱེ་ཞིབ་ནས་འགོ་བཙུགས་ཏེ་ལམ་སྲོལ་རང་བཞིན་གྱི་ཐབས་ཇུས་འདོན་པ་དང་། འགལ་ཟླ་སེལ་བ་དང་དཀའ་གནད་སེལ་རིང་རྩ་འཛུགས་ལས་དོན་གྱི་འབེན་ཁ་ཚད་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།