དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཟླ་2ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

    ཟླ་2ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་དང་། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག དམ་པ་དོན་གཉེར་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡག་པོ་བྱེད་དགོས།

    ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་དབྱང་རིམ་པ་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་དང་། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག དམ་པ་དོན་གཉེར་གྱི་སྙིང་སྟོབས་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁྲེན་ཡུང་ཆི་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་དང་དུས་དང་རྣམ་པ་ཀུན་ཏུ་སྣང་མེད་ལྷོད་གཡེང་གཏོང་མི་རུང་བའི་ནན་བཤད་ཐེངས་མང་གནང་ནས་ང་ཚོར་སྤྱོད་ཚུལ་འཛུགས་སྐྱོང་སྔར་བས་ཟབ་ཏུ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲིད་སྟོན་དུ་བྱས་ནས་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ངོས་འཛིན་དེ་བས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། འདུ་ཤེས་བསྒྱུར་བ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དེ་བས་བརྟན་དུ་བཏང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་འཛིན་ཏེ་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྟོན་ཕྱོགས་དེ་བས་ཁ་གསལ་བཟོས་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བཟུང་ནས་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་བཏང་བ། གནད་དོན་བཅོས་སྒྲིག་དམ་འཛིན་བྱ་གཞིར་བྱས་ནས་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དམིགས་ཚད་དེ་བས་གནད་སྨིན་ཡོང་བ་བྱས་པ། ལམ་སྲོལ་ལེགས་གཏོང་ལ་འགན་ལེན་བྱས་ཏེ་སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བར་བརྟེན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་སྒྲུབ་པའི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་པ་མ་ཟད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བློ་སེམས་གཅིག་མཐུན་དང་ལས་དོན་ཧུར་ཐག་སྒྲུབ་པའི་རྣམ་པ་བཟང་པོ་མངོན་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ལས་ཀའི་ཞན་ཆ་སེལ་བ། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།

    རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་དགོངས་པའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པ་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ་སློབ་སྦྱོང་ནན་ཏན་དང་ཡིད་ཆེས་བརྟན་གཏོང་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོས་བསམ་མྱོང་རྟོགས་ཁྲོད་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ། ཞིབ་བསྡུར་དང་ལག་བསྟར་ཁྲོད་རང་ཉིད་ལ་ཟམ་མི་ཆད་པར་སྦྱོང་བརྡར་སྤྲོད་པ། ཤེས་སྦྱོར་གཅིག་མཐུན་ཁྲོད་རང་འགུལ་ངང་ཐེག་པ་ཁུར་ལེན་ཐུབ་པ་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་དང་། བེད་སྤྱད་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། སྦྱངས་སྤྱོད་ཟུང་འབྲེལ་བཅས་བྱེད་དགོས།

    ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་དགོས། ཀྲུང་དབྱང་རིམ་པ་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་གྱི་ལས་ཀའི་ལམ་སྲོལ་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་དང་ཡང་ཡང་བསྡུར་ནས་ཚོགས་འདུར་ཡིག་ཆ་འགྲེམས་པའི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་བཞིན་ཚོགས་འདུ་འཚོག་པ་དང་རིམ་པ་བཞིན་ཚོགས་འདུར་ཕེབས་རོགས་ཞུ་བ་གཏན་འགོག་བྱེད་པ། ཡིག་ཆ་ཁུ་བསྡུ་དང་ཚོགས་འདུ་ཉུང་གཏོང་གི་ཕན་འབྲས་མུ་མཐུད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་བསྐྱར་ལོག་ལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་མང་ཚོགས་ཁྲོད་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དོན་དངོས་སྒྲུབ་པ་དང་། བྱེད་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ་བཤད་པ་ཙམ་གྱིས་སྒྲུབ་པར་བརྩི་བ་དང་ལས་ཀ་ཏོག་ཙམ་བསྒྲུབས་པ་ཚང་མ་ཚར་བར་བརྩི་བ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།

    དངོས་ཐོག་བདེན་འཚོལ་དང་མཐའ་དག་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ“རྟགས་མཚོན་ལས་གྲྭ”དང་། “ངོ་སོའི་འདུ་འགོད” “སྲིད་དོན་ལས་རྗེས་ཀྱི་འདུ་འགོད” ལྐོག་འགྱུར་ངོ་འགྱུར་སོགས་ཀྱི་གནད་དོན་འགོག་ཟོན་དང་ཡོ་བསྲང་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་འཐོབ་པར་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་བསྒྱུར་བ་དང་། སྤྱོད་ཚུལ་དངོས་སུ་མི་བསྒྱུར་བ་དེ་ང་ཚོའི་ལས་ཀའི་ཁྲོད་ཀྱི་དགྲ་བོ་ཆེ་ཤོས་ཡིན་པ་ཤེས་རྟོགས་གཏིང་ཟབ། ཕྱི་ཚུལ་རིང་ལུགས་དང་རྣམ་པ་ཙམ་བཏོན་པ་གཏན་འགོག་བཅས་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་དགོས།

    དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་འཛུགས་པ་ནང་གནས་ཀྱི་བླང་བྱར་བརྩི་བ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་བཅས་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་སོགས་ཀྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་། བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ་བཅས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས། དུས་རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་བློ་ལ་བཅངས་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    དངོས་སྒྲུབ་འགན་འཁུར་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཞིབ་བཤེར་གྱི་ཚད་གཞིར་བརྩི་བ་མཐའ་འཁྱོངས་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། འགན་འཁྲི་བློ་ལ་འཆང་བ། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་བསྟར། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་པའི་ལས་རྗེས་ཧུར་ཐག་གཏོད་དགོས། “འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དེ་ལས་དོན་སྤེལ་བའི་བྱ་ཐབས་གཙོ་བོར་བརྩི་བ་དང་དོན་མེད་སྟོང་བཤད་དང་ངོ་གཉིས་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་། མེ་ཏོག་བཞད་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས།

    འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་དམིགས་ཚད་གལ་ཆེན་དུ་བརྩི་བ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་བསམ་བློའི་འདུ་ཤེས་ཟམ་མི་ཆད་པར་གསར་བརྗེས་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་། ཞབས་ཞུའི་འདུ་ཤེས། འགན་འཁྲིའི་འདུ་ཤེས། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ཆེ་རུ་གཏོང་བ། རང་རྟོགས་ངང་རང་ངོས་ཀྱི་ལས་དོན་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་བྱེད་དགོས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བྱས་ཏེ་བསམ་ཕོད་པ་དང་། སྒྲུབ་ཕོད་པ། འགན་འཁུར་ཕོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།

    སྒྲིག་སྲོལ་དང་ལམ་སྲོལ་ལེགས་སུ་གཏོང་རྒྱུ་དེ་རྩ་བཅོས་ཀྱི་ཐབས་ཇུས་སུ་བརྩི་བ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས། “འཕྲལ་མར་བཅོས་སྒྲིག”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཐོག་ཏུ་མངོན་སུམ་གྱི་ཤེས་པ་རྗེས་དཔག་གི་ཤེས་པར་འགྱུར་བ་དང་། སྤྱོད་གོ་ཆོད་པའི་བྱེད་ཐབས་སྲ་བརྟན་དུ་བཏང་ནས་ལམ་ལུགས་དང་བྱ་ཐབས་སུ་འགྱུར་བ་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་འཕར་ཆག་གཉིས་རུང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། དཔྱད་ཞིབ་གདེང་འཇོག་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མང་ཚོགས་བློ་ཡིད་ཚིམ་མིན་ཞིབ་དཔྱད་ཚད་གཞིར་བརྩིས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་ཞིབ་བཤེར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་བྱེད་ཐབས་གསར་གཏོད་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་དོན་འཁྱོལ་དེ་བས་ནུས་ལྡན་དང་ཕན་འབྲས་བཟང་པོ་ཐོན་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་ལྟ་བཤེར་དང་བྱ་དགའ་ཆད་གཅོད་ཁ་གསལ་ཡོང་བ་བྱེད་པ་དང་ལྟ་བཤེར་གྱི་གྲུབ་འབྲས་དེ་བྱ་དགའ་ཆད་གཅོད་ཀྱི་དཔྱད་ཞིབ་དང་མི་སྣ་འདེམས་སྤྱོད་དང་ཟུང་འབྲེལ་གྱིས་ལེགས་སྒྲིག་བྱས་ཚེ་ཡུག་གཅིག་ལ་སློབ་གསོ་ཐེབས་པ་དང་ཁག་གཅིག་ལ་ཉེན་བརྡ་གཏོང་བའི་ཕན་འབྲས་ཐོན་པ་བྱེད་དགོས། དཔེ་མཚོན་སྣེ་ཁྲིད་དང་རྣམ་པ་ཟབ་མོ་བཏོད་དེ་དྲང་ཕྱོགས་དཔེ་མཚོན་གྱི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་པ་དང་ཏང་ཡོན་ལས་བྱེད་པས་འགྲན་སློབ་སྙེག་བརྒལ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    གཞིས་རྩེ་གྲོང་ཁྱེར་དང་། སྤུ་ཧྲེང་རྫོང་། འབྲི་རུ་རྫོང་བན་དཀར་ཤང་། སྤོ་བོ་རྫོང་གཡུ་ཕུག་ཤང་ཨ་ཤིས་གྲོང་ཚོ། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད། གཏམ་བཤད་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་དང་། ངོས་འཛིན་མཐོ་བ། བྱེད་ཐབས་ནུས་ལྡན། ཕན་འབྲས་བཟང་བ་བཅས་ཡོད་པ་མ་ཟད། དཔེ་མཚོན་དང་ཚད་ཤིང་བཙུགས་པས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཆོག་པ་ཞིག་ཡོད་པ་རེད།

    ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་མངགས་གཏོང་ཚན་པ་ཁག རང་སྐྱོང་ལྗོངས་སྤྱོད་ཚུལ་འཛུགས་སྐྱོང་གཞུང་ལས་ཁང་། ལྗོངས(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་ཚན་པའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།