དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་སྐབས་བཅུ་གཉིས་པས་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཕེབས་པ། ཁྲེན་ཡུང་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    ཚེས་18ཉིན་རང་སྐྱོང་ལྗོངས་སྲིད་གཞུང་སྐབས་བཅུ་གཉིས་པས་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་གྱི་ཚོགས་འདུ་ཐེངས་གཉིས་པ། ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དྲན་སྐུལ་དོགས་ཟོན་དང་། གནད་དོན་ལ་བསམ་ཞིབ། སྤྱོད་བཟང་སྒྲིག་ནན། ངར་ཤུགས་སྒྲིམ་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་རང་གཤིས་བཟང་པོ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲང་ཧུང་པོ་དང་། ལང་ཧྥུའུ་ཁོན། བསོད་ནམས་ཉི་མ། ཝེ་ཤིའུ་ཁྲང་། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་ན་ནིང་གི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ལ་ཕྱོགས་སྡོམ་དང་གནས་པའི་གནད་དོན་ལ་དབྱེ་ཞིབ་གནང་ཞིང་། ཁོང་གིས། “མཚམས་མེད་རྒྱུན་སྒྲུབ”ཀྱི་བློ་བརྟན་འགྱུར་མེད་དང“དམིགས་བསལ་གང་ཡང་མེད་པའི”ཚད་མཐོའི་ཉེན་ཟོན་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་ཤེས་རྟོགས་དང་ཉེན་བརྡ་རྒྱུན་གཏོང་དང་། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་གཏན་ནས་བྱེད་མི་རུང་བ་དང་། ལྷོད་གཡེང་གཏན་ནས་གཏོང་མི་རུང་བ། སྙིང་རྗེ་གཏན་ནས་བྱེད་མི་རུང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཚམས་འཇོག་གཏན་ནས་མི་བྱེད་པ་དང་། ལྷོད་གཡེང་གཏན་ནས་མི་གཏོང་བ། གོ་སྐབས་གཏན་ནས་མི་སྤྲོད་པ། ངེས་པར་དུ་གདོང་མཆོང་གི་དུང་བརྡ་ནམ་ཡང་བཏང་ནས་སྲིད་གཞུང་སྲིད་གཙང་དང་། ལས་བྱེད་པ་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཡོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། “བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ”བཅས་ཀྱི་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་ཕྲག་ཏུ་འཁུར་བ་དང་རུས་གཞོག་དུག་སེལ་དང་། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྟག་ཏུ་དམ་འཛིན་དང་དམ་འཛིན་ལྷོད་མེད་དཀའ་གནད་ཆད་ལུས་དང་ཕུགས་ཕན་རྒྱུན་རྣམ་ཐད་ཤུགས་སྣོན་རྒྱག་པ། “རྒྱུན་རྣམ་ལམ་སྲོལ་བརྒྱད”ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་ལ་ཞིབ་བཤེར་བྱེད་པའི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། ཏང་ཀྲི་པུའུ་གཞི་རྟེན་དུ་བྱེད་པ་བཅས་བྱས་ནས་ཆབ་སྲིད་ཀྱི་ཞིབ་བཤེར་རྒྱུན་གཏན་ཅན་དང་། ལམ་ལུགས་ཅན། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཐབས་ཇུས་འགོད་པའི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཚེ་གང་འགན་འཁྲི་བདའ་འདེད་དང་ལྡོག་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ་དང“ཐབས་ཇུས་ཀྱི་ཡིག་སྒྲིལ”བཟོ་བ་དང“བརྒྱུད་རིམ་ཧྲིལ་པོར་ཚོད་སྐོར”བྱེད་དགོས། རྣམ་གྲངས་ལྟ་སྐུལ་གྱི་རྒྱུན་རྣམ་ལམ་སྲོལ་འཛུགས་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། ཆ་འཕྲིན་ཅན་གྱི་ལག་རྩལ་ཐབས་ལམ་ལ་བརྟེན་པ། ལས་རིགས་ཁག་གི་ཁོངས་གཏོགས་སུ་ནང་ཁུལ་གྱི་ཚོད་འཛིན་དོ་དམ་དང་ཁྲིམས་ལྟར་ཡོངས་བསྒྲགས་ངང་ལྟ་འདོམས་དང་ལེན་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། མ་དངུལ་ལྟ་འདོམས་ཀྱི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་རྩིས་ཀྱི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནོར་དཔལ་སྒྲིག་ཁྲིམས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་དགོས། ཉེན་ཟོན་སློབ་གསོའི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས“ཁག་གཅིག་རེ་དགུའི”ཉེན་ཟོན་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ་དང་མདོར་བསྡུས་ལ་གོ་བདེའི“སྲིད་གཞུང་གི་སྤྱོད་གཙང་རིག་གནས་བཀའ་ཁྲིམས”ཞིབ་འཇུག་བྱས་ནས་འདོན་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་དགོས། ཉེན་ཁ་གྲལ་བཤེར་གྱི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ལོ་ལྟར་གྱི་དུས་ཚིགས་དང་པོར་གཙོ་གཉེར་གྲོང་ཁྱེར་དང་ས་ཁུལ་དང་ལས་བགོས་དོ་དམ་སྡེ་ཚན་གྱིས“ཚད་གཞི་དང་ཡང་ཡང་བསྡུར་བའི”ཞན་ཆ་དང་། “སྤྱོད་བཟང་སྒྲིག་ནན”གྱི་ཞན་ཆ། “ལྟ་འདོམས་དང་ལྟ་སྐུལ”གྱི་རྨོངས་ཁུལ་བཅས་གསེད་བཀྲོལ་བྱས་ནས་གནད་དོན་གྱི་གསལ་ཐོ་དང་ཞིབ་ཕྲའི་བྱེད་ཐབས་བཟོ་དགོས། མཐུན་སྦྱོར་མཉམ་འགུལ་གྱི་རྒྱུན་རྣམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལྟེ་བར་བྱེད་པ་དང་། “ལྟ་སྐུལ་ཆེན་པོའི”ལས་ཀའི་ལམ་སྲོལ་འཛུགས་པ། “སྲིད་དོན་བགྲོ་གླེང”སོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཁྱབ་གདལ་གཏོང་བ། སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི”རང་རྟོགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་ལག་བསྟར་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལ་བརྟེན་ནས་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱེད་པ། “བཀག་སྡོམ་ལ་སྣང་ཆེན་དང་། གནོན་ཤུགས་ཆེར་གཏོང་། ཟིལ་ཤུགས་ཆེར་གཏོང”བཅས་ཀྱི་ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། “དངོས་སྒྲུབ་ལ་སྣང་ཆེན་དང་། འགན་སྒྲུབ་ལ་མཐོང་ཆེན། སྤྱོད་གཙང་ལ་སྣང་ཆེན”བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་མཐར་གཏུགས་ནས་བརྗོད་ན། དྭངས་གཙང་དང་། ཁ་གསལ། སྤྱོད་གཙང་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཚང་མས་བློ་གཅིག་སེམས་གཅིག་ངང་ལས་དོན་སྒྲུབ་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་གཡས་གཞོགས་གཡོན་འདེགས་བྱེད་དགོས། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་སྙིང་སྟོབས་འཕེལ་བར་བྱས་ནས་དངོས་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་དང་། ཐབས་བརྒྱ་ཇུས་སྟོང་དང་རྒྱབ་སྐྱོར་ཐོབ་པར་བྱས་ཏེ་ལོ་གསར་པའི་ནང་ལས་རྗེས་གསར་པ་ཐོབ་པ་དང་འོད་སྟོང་གསར་པ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།