དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-19

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་འབྲས་སྤུངས་དགོན་དུ་མང་ཚོགས་དང་ཡུལ་སྐོར་བར་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་ཁོང་ཚོར་ལོ་གསར་པའི་ནང་འཚོ་བ་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་དན་བག་མངགས་གཏོང་ཁང་གི་ལག་ཁྱེར་གཉེར་སའི་ཚོམས་ཆེན་དུ་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འབྲས་སྤུངས་དགོན་དང་། སེ་ར་དགོན། དན་བག་མངགས་གཏོང་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ནས་གཞི་རིམ་གྱི་མང་ཚོགས་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་མེ་ཟོན་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བ་དང་སྦྲགས། ལས་རེས་བརྟན་སྲུང་གི་ལས་དོན་ལ་བཀོད་གཏོང་གནང་ཞིང་། དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ཕྱོགས་ཁག་གི་ངལ་རྩོལ་པར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

    འབྲས་སྤུངས་དགོན་དུ། ཝང་ཅུན་ཀྲེང་གིས་ཚོགས་ཆེན་ཕྱིར་ཕེབས་སྒུག་ཞུ་བཞིན་པའི་དགེ་འདུན་པ་དང་ཕན་ཚུན་མཇལ་དར་སྒྲོན་རེས་གནང་བ་དང་ཚང་མར་ཕྱག་བཏང་གནང་ནས་ཁོང་ཚོའི་སྨན་བཅོས་དང་། རྒན་གསོ། འཚོ་བ་བཅས་ཀྱི་ཆ་རྐྱེན་བཀའ་འདྲི་གནང་བ་དང་། དགོན་པའི་ལོ་རྒྱུས་དང་དེ་བཞིན་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། འབྲས་སྤུངས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་ཝང་ཅུན་ཀྲེང་གི་ཕྱག་ནས་འཇུས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་མི་སྣ་དང་དགོན་སྡེའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བར་ཚད་མཐོའི་མཐོང་ཆེན་གནང་ནས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ལག་ལེན་བསྟར་བས། དགོན་སྡེ་དང་རྒྱ་ཆེའི་གྲྭ་བཙུན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ནས་ཚང་མས་ཏང་དང་སྲིད་གཞུང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་འདུག་ཅེས་ཞུས། ཝང་ཅུན་ཀྲེང་གིས་ཁྱེད་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་འབད་བརྩོན་ཆེན་པོས་ཤེས་བྱ་སྦྱོང་བ་དང་དད་སྦྱོར་ཡང་དག་གི་སྒོ་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ཏེ། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་བཏོན་ཏེ། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་པ་ཡག་པོ་འདོན་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་ནུས་སྒྲུབ་ཤུགས་ཆེ་རུ་གཏོང་བ། དོ་དམ་དང་། སློབ་གསོ། ཞབས་ཞུ་བཅས་གཞི་གཅིག་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    སེ་ར་དགོན་དུ། ཝང་ཅུན་ཀྲེང་གིས་ཚོགས་ཆེན་འདུ་ཁང་དང་ཆོས་ར་སོགས་སུ་རྟོག་ཞིབ་གནང་ཞིང་། དགོན་སྡེ་དེའི་བོད་རྒྱ་ལུགས་གཉིས་ཟུང་འབྲེལ་གྱི་བཟོ་སྐྲུན་ཁྱད་ཆོས་དང་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལེས་གནང་བའི་བཀའ་འགྱུར་སོགས་ནི་ཀྲུང་ཧྭ་མི་རིགས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་རྩ་ཆེའི་དངོས་དཔང་ཞིག་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་དཔང་རྟགས་ཤིག་རེད། ཝང་ཅུན་ཀྲེང་གིས། རིག་དངོས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ཁྲིད་སྟོན་བྱས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། འགན་འཁྲིའི་འདུ་ཤེས་དང་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ། མེ་ཟོན་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལག་བསྟར་མགྱོགས་པོ་བྱེད་པ། རིག་དངོས་ལ་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    དན་བག་མངགས་གཏོང་ཁང་གི་ལག་ཁྱེར་གཉེར་སའི་ཚོམས་ཆེན་དང་བཀོད་འདོམས་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་ལས་གནས་བརྟན་པོ་སྲུང་མཁན་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་སྦྲགས། བརྙན་ལམ་འབྲེལ་མཐུད་བརྒྱུད་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་སྒྲིག་གནས་ཚུལ་གསན་པ་དང་ས་གནས་ས་ཐོག་ཏུ་ལས་གནས་བརྟན་སྲུང་དང་ཆ་འཕྲིན་ཅན་གྱི་ལས་སྟེགས་འཁོར་སྐྱོད་གནས་ཚུལ་ལ་སྐབས་བསྟུན་བཀོད་གཏོང་གནང་བ་རེད། ཝང་ཅུན་ཀྲེང་གིས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ནི་ནང་མི་མཉམ་འཛོམས་དང་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་དུས་ཆེན་གལ་ཆེན་ཞིག་རེད། དུས་ཆེན་རིང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་དང་མེ་ཟོན་བཀོད་འཐབ་པ་ཚོས་དམངས་ཀྱི་ཆེད་དུ་ལས་གནས་བརྟན་པོ་བསྲུངས་ཏེ། མི་སྒེར་གྱི་དཀའ་སྤྱད་དང་ལེགས་སྐྱེས་ལ་བརྟེན་ནས་ཡུལ་དེའི་དུས་བདེ་དང་དུས་ཆེན་གྱི་བདེ་འཇགས་བསྲུངས་པ་ལས་སྤྱོད་ཚུལ་བཟང་པོ་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད། ལོ་གསར་པའི་ནང་ཁྱེད་ཚོར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“རྒྱུན་དུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དུས་ཆེན་རིང་གི་ཞབས་ཞུ་དང་འགན་ལེན་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་པ་དང་། བྱ་སྤྱོད་ངོ་མར་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་མཉམ་འཛོམས་སྲུང་སྐྱོང་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།