དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རྣམ་གྲངས་གལ་ཆེན་ལ་བརྟག་ཞིབ་གནང་བ་དང་འཐབ་ས་དང་པོའི་བཟོ་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-14

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷ་གཞིས་མྱུར་བགྲོད་གཞུང་ལམ་སྐྲུན་ཡུལ་དུ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ས་དང་པོའི་བཟོ་པར་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ། ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་ངལ་རྩོལ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད།

    ལྷ་གཞིས་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་ཕུར་པ་ཕུག་ལམ་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་ལྷང་ལྷང་དུ་གྲགས་ཤིང་ལས་བྲེལ་ཆེ་བའི་རྣམ་པས་ཁེངས། ཡན་ཅིན་ཧའེ་ཕུག་ལམ་ནང་འཛུལ་ནས་ལས་ཡུལ་དངོས་ཀྱི་འཛུགས་སྐྲུན་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གནས་ཚུལ་གསན་པ་མ་ཟད། འཐབ་ས་དང་པོའི་བཟོ་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་ཡང་ཞུས་གནང་ཞིང་། ཡན་ཅིན་ཧའེ་ཡིས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་དེ་ཁྱོན་ཡོངས་དང་ཕུགས་དང་འབྲེལ་བ་ཡོད་ལ། འཕེལ་རྒྱས་དང་དམངས་འཚོ་དང་ཡང་འབྲེལ་བ་ཡོད། རྣམ་གྲངས་བསྐྲུན་རྗེས་ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་གཞུང་ལམ་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་ནས་ལྷ་ས་ལྟེ་བར་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་པ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ངལ་རྩོལ་ནི་ཆེས་གཟི་བརྗིད་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེ་བ། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཡིན། རྒྱ་ཆེའི་ཨར་སྐྲུན་མི་སྣས་ཕ་ཡུལ་དང་ཁ་བྲལ་ནས་གངས་ལྗོངས་ས་མཐོར་ཡོང་སྟེ་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་ཁོར་ཡུག་ངན་པ་ལས་རྣམ་པར་རྒྱལ་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་པས་དུས་རབས་གསར་པའི“ལམ་གཉིས”ཀྱི་སྙིང་སྟོབས་མངོན་ཡོད། ཚང་མས་དཀའ་སྤྱད་ངལ་རྩོལ་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཚང་མས་ངལ་གསོ་རྒྱག་རྒྱུར་དོ་སྣང་དང་གཟུགས་པོར་བདག་གཅེས་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཨར་སྐྲུན་ཚན་པར་ལས་ཀའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ནས་ལས་བཟོའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་ཀ་དང་འཚོ་བའི་འགན་ལེན་ཡག་པོ་བྱས་ཏེ་འཛུགས་སྐྲུན་པ་ཚོའི་བདེ་འཇགས་དང་བདེ་ཐང་གི་ལས་དོན་ཡག་པོ་སྒྲུབ་ནས་བློ་བདེ་བག་ཕེབས་ཀྱིས་དུས་ཆེན་གཏོང་དུ་འཇུག་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་རེད།

    འཚམས་འདྲི་གནང་རིང་། ཡན་ཅིན་ཧའེ་ཡིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པའི་ངང་སྤྱི་འདོམས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་བ་དང་། བདེ་འཇགས་ཀྱི་མཐའ་ཚད་ནན་པོར་སྲུང་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། གནད་དོན་འཚོལ་བ། མི་མངོན་པའི་རྐྱེན་ངན་སེལ་བ། སྐྱོན་ཆ་འཚོལ་བ། ཞན་ཆ་སེལ་བ་བཅས་བྱས་ཏེ། “གཟབ་གཟབ་ནན་ནན”གྱི་འགན་འཁྲི་འཁུར་སེམས་དང“འཕྱུགས་པ་གཏན་ནས་མེད་པའི”བྱེད་ཐབས་ནན་པོར་བརྟེན་ནས་ལས་གྲྭའི་བདེ་འཇགས་དང་མི་སྣའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།