དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི (རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-10

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གཟིགས་རྒྱང་རིང་ལ། ནང་སྲིད་ཕྱི་འབྲེལ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཐད་བླང་བྱ་གསལ་པོ་རབ་དང་རིམ་པ་བཏོན་གནང་ཡོད་པས་ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་དང་། ནོར་སྲིད་དང་དངུལ་རྩ། ཞིང་ལས་དང་གྲོང་གསེབ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྲིད་གཞུང་གི་འགན་ནུས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་སྤེལ་རེས་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བཅས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་མ་ཟད། 2023ལོའི་ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་གནས་ཚུལ་སྙན་སེང་ཡང་གསན་པ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། 2023ལོར་ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ནས་ལས་དོན་ཧུར་ཐག་སྤེལ་བ་དང་། བྱ་ཐབས་ཏན་ཏིག་དང་ནུས་ལྡན་སྤྱོད་པ། ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་བྱས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་སྤྱིའི་ཆ་ནས་བརྟན་པོ་དང་གོ་རིམ་ལྡན་པར་སྐུལ་འདེད་བཏང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་ལ་འཕྱུགས་པ་མེད་པའི་སྒོ་ནས་གོ་བ་བླངས་ཏེ་དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་བླང་བྱ་དང་ཁྱད་ཆོས་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་བཙུགས་ནས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་ཐབས་ལ་བརྟེན་ནས་ཡིག་འབུལ་ཞུ་བཅར་ལས་དོན་ལེགས་པོར་བསྒྲུབ་པ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་དང་སྲིད་ཇུས་ལྟར་མི་དམངས་མང་ཚོགས་ཀྱི་རེ་འདུན་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་རེ་འདུན་ཡོད་ཚད་ཐག་གཅོད་བྱེད་མཁན་ཡོད་པ་དང་ཁྲིམས་ལྟར་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། ཡིག་འབུལ་ཞུ་བཅར་གྱི་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཡིག་འབུལ་ཞུ་བཅར་ལས་དོན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གནས་སྟངས་ཆེན་པོའི་ནང་འདྲེས་པར་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་རང་སར་གཞུང་དོན་སྒྲུབ་པ་དང་། སྒོ་མོ་འབྱེད་ནས་སྣེ་ལེན་ཞུ་བ། གནས་བབ་གསར་པ་དང་ཧུར་ཐག་འཚམ་པར་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དང་ཐོན་མ་ཐག་ནས་ཐག་གཅོད་བྱེད་དགོས། ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་མཐའ་འཁྱོངས་བྱས་ནས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲི་སྔར་བས་ནན་དུ་དང་། ཡིག་འབུལ་ཞུ་བཅར་དཔུང་ཁག་འཛུགས་སྐྱོང་རྒྱུན་མཐུད་དམ་འཛིན་ལེགས་པོ་བྱས་ཏེ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་ཧུར་ཐག་བསྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་གྲུབ་འབྲས་ཕྱོགས་སྡོམ་དང་ཞན་ཆ་བསལ་ཏེ་ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་ལས་དོན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ་ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་དུ་སྤེལ་བ་དང་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱས་ཐོག སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིར་དམ་ནན་ཏན་ཏིག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་དོན་འཁྱོལ་ནན་ཏན་དང་གཞུང་ལམ་འགྲིམ་འགྲུལ་དང་མེ་ཟོན་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་ལས་དོན་ཡག་པོ་སྤེལ་བ་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་གློག་དང་། དྲོད་རླངས། སོལ་རླངས་བཅས་མཁོ་འདོན་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། སྤྱོད་གཙང་ངང་དུས་ཆེན་གཏོང་བའི་སྒྲིག་ཁྲིམས་བླང་བྱ་ཁག་དམ་ནན་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་པ་དང་། དུས་ཆེན་རིང་གི་ལས་རེས་དང་ལས་གནས་བརྟན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་འགན་ལེན་གྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལས་དོན་ཁག་རྒྱུན་གཏན་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།