དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོཌ་ཆུང་དུ་བརྟག་ཞིབ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-08

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དུ་ཕེབས་ཏེ། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།

    ཝང་ཝུའེ་ཏུང་གིས་གསུངས་དོན། འདས་པའི་ལོ་གཅིག་གི་རིང་ཀྲུང་དབྱང་སྒྲིག་ཨུད་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་སུ་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་བྱུང་ཡོད། ལོ་གསར་པར་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། “བྱེད་པ་དགུའི”ལག་ལེན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་འཆར་འགོད་ཡག་པོ་བཅས་བྱས་ནས་རྒྱུན་མཐུད་ངང་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཟབ་ཏུ་གཏོང་བ་དང་། ལྟ་སྐུལ་གྱི་ཤུགས་རྒྱག་ས་དེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་དམིགས་པ། ལྟ་སྐུལ་གྱི་སྟོན་ཕྱོགས་འགན་འཁྲི་གཙང་སྒྲུབ་ཐོག་འཇོག་པ་བཅས་བྱས་ཏེ་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་དོན་འཁྱོལ་ནུས་ལྡན་ཐུབ་པར་བྱེད་དགོས། “ཞིབ་བཤེར་ཁང་དང་། ལྟ་ཞིབ་ཚོགས་ཆུང་། ས་གནས་སྒྲིག་ཨུད”བཅས་མཉམ་འབྲེལ་གྱོད་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། “གནད”ཀྱི་ཚད་བརྒལ་ཟིལ་གནོན་ལ་སྣང་ཆེན་བྱེད་དགོས་ལ“ཁྱོན”གྱི་ཁོངས་གཏོགས་བཅོས་སྒྲིག་ལའང་སྣང་ཆེན་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟམ་མི་ཆད་པར་གཏིང་ཟབ་དང་རྒྱ་ཆེར་གཏོང་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པར་དམིགས་ཏེ། རྒྱས་སྤྲོས་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་ནན་པོ་དང་། འགན་མི་འཁུར་བ་དང་དོན་འཁྱོལ་ལ་དམ་འཛིན་མི་བྱེད་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ། རྒྱུན་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལྕགས་རི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགོ་ཁྲིད་ལས་བྱེད་པ་ཚོས་རང་དཔེ་གཞན་སྟོན་གྱིས་དོ་དམ་ནན་པོ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།