དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་བ།

    ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-08

    ཟླ་2ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ལ་དཀར་གཙང་ཁ་བཏགས་གཡོགས་ནས་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་ཏེ། ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་ཞབས་ཐིམ་པའི་དམག་མི་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    རུ་སྟར་གྲལ་འགྲིག་ལ་སྙིང་སྟོབས་རབ་ཏུ་འཕེལ་ཞིང་། ཝང་ཅུན་ཀྲེང་གིས་དཔོན་དམག་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་མ་ཟད། དཀར་གཙང་ཁ་བཏགས་ཀྱང་གཡོགས་ནས་ཟོལ་མེད་ཀྱི་སྨོན་འདུན་ཡང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། 2023ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་སྤྱི་ཚོགས་ཡོངས་སུ་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་བཟང་པོ་མངོན་ཡོད། གྲུབ་འབྲས་དེ་དག་ནི། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་རྒྱབ་སྐྱོར་ཤུགས་ཆེན་དང་། ཧུར་ཐག་ཞུགས་པ། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་བཅས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། བོད་ལ་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་ལ། དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བའང་སྲ་ཞིང་བརྟན་པོ་ཡོད། ལོ་མང་རིང་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་རང་གི་ཕ་ཡུལ་དང་མི་དམངས་རྣམས་ཕ་མར་བརྩིས་ནས། བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ཏེ། བརྟན་ལྷིང་སྲུང་སྐྱོང་དང་ཉེན་སེལ་རྒུད་སྐྱོབ་སོགས་ཐད་གདོང་ལེན་རུ་ཁག་གི་ནུས་པ་བཏོན་པ་དང་། མི་དམངས་བུ་ཕྲུག་དམག་གི་ཉམས་འགྱུར་མངོན་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རིམ་ཁག་སྡེ་ཚན་ཁག་གིས་དཔུང་སྡེ་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། དཔུང་སྡེའི་དཔོན་དམག་ལ་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་ཧུར་ཐག་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དམག་དཔུང་གི་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་བློས་འགེལ་ཆོག་པའི་རྒྱབ་ཕྱོགས་ཡག་པོ་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས། ལོ་གསར་པའི་ནང་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ། གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་ནས་མཐའ་བརྟན་བོད་བརྟན་གྱི་ལས་འགན་མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ནས་དམག་དཔུང་སྟོབས་ཆེར་དང་དམག་དཔུང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་དང་། དབྱི་ཧུང་ཤིང་། ཟླ་བ་ཚེ་རིང་། ལི་ཀོང་ཆོན། རྒྱལ་མཚན། མོང་ཞའོ་ལིན་སོགས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།