བོད་རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་དང་ལན་དབྱི་མིན་གྱིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཁྲེན་ཆིང་ཚང་དང་ལིའུ་ཅང་ཚོགས་འདུར་ཞུགས་པ།
ཟླ་2ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་2ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་ལན་དབྱི་མིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་ཙུའུ་ཀྲང་གཞོན་པ་ཁྲེན་ཆིང་ཚང་ཚོགས་འདུར་ཞུགས་པ་རེད། ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལིའུ་ཅང་དང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་མཛུབ་ཁྲིད་ཞིབ་ཚགས་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པར་བརྟེན། བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ཏན་ཏིག་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་བཟང་བ་བཅས་བྱུང་བ་མ་ཟད། སྔོན་དཔག་གི་དམིགས་ཚད་བསྒྲུབས་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ། “དགོངས་པ་སློབ་སྦྱོང”ལས་འགན་ཨང་དང་པོར་བརྩིས་ནས་མགོ་ནས་མཇུག་བར་ཁྱབ་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བས་བློ་བརྟན་དང་རང་རྟོགས་སུ་གྱུར་པ་བྱེད་པ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་གཏོང་བ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་ཆབ་སྲིད་དང་། བསམ་བློ། འཇོན་ཐང་། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་ཀྱི་ཐད་ནས་ཏང་གཤིས་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་བས་བློ་བརྟན་དང་རང་རྟོགས་སུ་གྱུར་པ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ།
སློབ་གསོ་དང་ལག་ལེན་ཕྱོགས་གཉིས་ཀར་དམ་འཛིན་མཐའ་འཁྱོངས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་བརྟན་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བཏོད་དེ“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དེ་བས་བློ་བརྟན་དང་རང་རྟོགས་སུ་གྱུར་བ། དམིགས་ཡུལ་ལག་ལེན་བསྟར་ནས་དམངས་ལ་བདེ་སྐྱིད་སྐྲུན་པ་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་བྱས་ནས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་དེ་བས་བློ་བརྟན་དང་རང་རྟོགས་སུ་གྱུར་བ། སྤྱོད་གཙང་གཞུང་ཞེན་ལ་བརྟེན་ནས་སྲོལ་གསར་གཏོད་པ་མཐའ་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་དང་ལམ་ལུགས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བར་དོ་ཁུར། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་ལས་དོན་ཧུར་ཐག་སྒྲུབ་པ་དེ་བས་བློ་བརྟན་དང་རང་རྟོགས་སུ་གྱུར་བ་བཅས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་དེའི་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱ་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་ནན་པོར་གཞིགས་ནས་ཇུས་འགོད་དང་བྱ་བ་སྒྲུབ་པ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་ལྡན་པ་དང་། ལག་བསྟར་སེམས་ཐག་གཙང་བཅད་དང་ནུས་ལྡན། སྒྲུབ་པའི་བྱ་བ་ཁྲིམས་དང་མཐུན་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པར་སྐུལ་འདེད་བཏང་ནས་གཞི་རིམ་ཏང་རྩ་འཛུགས་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་དུ་བསྐྲུན་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་དང་བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བཅོས་སྒྲིག་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་གཞི་རིམ་ལས་བྱེད་པས་དུས་ཚོད་དང་ནུས་སེམས་དེ་བས་མང་བ་དོན་འཁྱོལ་ལ་དམ་འཛིན་བྱེད་པར་སྤྱོད་ཐུབ་པར་བྱེད་དགོས། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། བཅོས་སྒྲིག་དག་ཐེར་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པར་མུ་མཐུད་དམ་འཛིན་ཡག་པོ། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ། ཉམས་མྱོང་ཕྱོགས་སྡོམ་ལ་གཙིགས་ཆེན། ཉེ་འགྲམ་དུ་དཔེ་མཚོན་འཛུགས་པ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་མང་ཚོགས་ཚོས་ཚོར་ཐུབ་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཁོང་དུ་གཏིང་ཟབ་ཆུད་པ་དང་། དུས་ཐོག་ཏུ་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་སྲ་བརྟན་དུ་གཏོང་བ། མངོན་སུམ་གྱི་ཤེས་པ་དེ་རྗེས་དཔག་གི་ཤེས་པར་འགྱུར་བར་བྱེད་པ། བྱེད་ཐབས་དང་ཉམས་མྱོང་བཟང་པོ་ལམ་ལུགས་དང་ལམ་སྲོལ་ལ་འགྱུར་བ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་སྐྱེད་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པར་འབད་བརྩོན་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ལ་ཞིབ་བཤེར་བྱེད་དགོས།
ལན་དབྱི་མིན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཡོངས་ཀྱི་བློ་མཐུན་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་གྲུབ་ཕྱིར་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཚོད་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཀྱི་བྱ་ཐབས་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་དགོས་མཁོ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་པ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ཡོད།
ལན་དབྱི་མིན་གྱིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“དགོངས་པ་སློབ་སྦྱོང”བྱ་རྒྱུ་དེ་ཚེ་གང་སྦྱོང་དགོས་ངེས་ཀྱི་སློབ་ཚན་དུ་བརྩི་རྒྱུར་སྐུལ་འདེད་གཏོང་བ། “གྲོས་གཞི་ཨང་དང་པོའི”ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་གཤིས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་བར་མུ་མཐུད་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་མཐའ་འཁྱོངས་བྱས་ནས་ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་སློབ་གསོ་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཡོན་དང་ལས་བྱེད་པའི་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བཅས་བྱས་ནས། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱེད་ཐབས་སྦྱོང་བ། བློ་རིག་འཕེལ་བ་བཅས་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ཐོག་མཐའ་མར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ་དང་། གྲོང་གསེབ་དར་རྒྱས་ཀྱི་གཡུལ་ས་གཙོ་བོ། མང་ཚོགས་ལས་དོན་གྱི་འཐབ་ས་དང་པོ། འགལ་ཟླ་སེལ་བའི་མདུན་ཕྱོགས་བཅས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལྷག་བསམ་དང་། ཐེག་པ་འཁུར་ལེན་གྱི་བློ་སྟོབས། འགག་སྒྲོལ་དཀའ་སེལ་གྱི་འཇོན་ཐང་བཅས་སྦྱོང་བ། རྒྱུན་དུ་འགོ་ཁྲིད་ཚན་ཁག་ལ་ཆབ་སྲིད་ཀྱི་བརྟག་དཔྱད་བྱེད་པ། ཏང་ཡོན་དང་ལས་བྱེད་པའི་ཁྲོད་སྒྲིག་ཁྲིམས་སློབ་གསོ་ཏན་ཏིག་སྤེལ་བ། རྒྱུན་སྲིང་ལྷོད་མེད་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་། རྣམ་པ་ལྐོག་འགྱུར་དང་མིང་འདྲ་མིན་སྣ་ཚོགས་འདོགས་པའི“གཟུགས་བརྙན་འདུ་འགོད་གསར་པའི”གནད་དོན་དང་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་པ་བཅས་བྱས་ནས་སེམས་ཐག་གཙང་བཅད་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ཏེ་ཏང་སྲོལ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ནས་ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་ལས་རྗེས་ལ་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་བ། དངོས་སྒྲུབ་ལ་མཐོང་ཆེན་དང་། གྲུབ་འབྲས་དངོས་ལ་མཐོང་ཆེན། འགན་འཁྲིར་མཐོང་ཆེན་བཅས་ཀྱི་མི་སྤྱོད་སྟོན་ཕྱོགས་ཁ་གསལ་འཛུགས་པ། ཏང་ཡོན་གྱི་རྒྱུན་གཏན་སློབ་གསོ་དང་དོ་དམ་ནན་དུ་གཏོང་བ། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ས་ཁོངས་དེ་ག་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱི་བསམ་འཆར་མང་བ་དང་དེ་བཞིན་ལས་ཀའི་ཁྲོད་ལྷག་པར་དུ་དོ་སྣང་བྱེད་དགོས་པའི་གནད་དོན་ལ་དམིགས་ནས་དངོས་ཐོག་བདེན་འཚོལ་དང་གྲི་དངོ་རང་གཏད་ཀྱིས་བཅོས་སྒྲིག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུ་བརྙན་ལམ་ཚོགས་འདུའི་རྣམ་པ་ནས་འཚོགས་ཤིང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཁོངས་མི་དང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།