དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པའི་ཐེན་ཧྭ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-07

    ཚེས་1ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཐེན་ཧྭ་བཅས་པ་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་པའི་སྐོར་ལ་སྤེལ་རེས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་ཝེ་ཤིའུ་ཁྲང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཡན་ཅིན་ཧའེ་ཡིས་ཐེན་ཧྭ་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར། དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་པ་བརྒྱུད། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ནས་དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲུབ་འབྲས་འདི་ལྟ་བུ་ཐོབ་དོན་ནི་ཀྲུང་དབྱང་ཁེ་ལས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀེ་ཀྲོའུ་ཆུ་རགས་ཚོགས་པ་ནི་སྟོབས་ཤུགས་ཆེ་བའི་ཀྲུང་དབྱང་ཁེ་ལས་ཆེ་གྲས་ཤིག་རེད། དེས་ན་བོད་ལ་དམིགས་བསལ་གྱི་སྲིད་ཇུས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་ལྡན་པས་ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་བྱེད་པར་མདུན་ལམ་ཆེན་པོ་ཡོད། ཀེ་ཀྲོའུ་ཆུ་རགས་ཚོགས་པས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ། ཁེ་ལས་དང་ས་གནས་ལ་གཉིས་ཕན་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཐེན་ཧྭ་ཡིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཡག་པོ་བསྒྲུབས་ནས་བོད་རང་སྐྱོང་ལྗོངས་དང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།