དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ཏང་ཕྱིའི་མི་སྣའི་འཐུས་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-07

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ། ཟླ་2ཚེས་3ཉིན་དང་ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་ལྷ་སར་ཡོད་པའི་ཏང་ཕྱིའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། བཀྲ་ཤིས་ཟླ་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་མི་རབས་རྗེས་མ་ཀུན་མཛའ་ཆོས་དབང་། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་འཇམ་དཔལ་ལྷ་བཟང་དང་། ངག་དབང་ཆོས་འཛིན། ངག་དབང་དཔལ་བཟང་། བཀྲ་ཤིས་རྒྱལ་མཚན། ཚེ་སྒྲུབ། རྡོ་རྗེ་རྒྱལ་མཚན། ངག་དབང་ཆོས་འཕགས་སོགས་ལ་འཚམས་འདྲི་གནང་ཞིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

    ས་ཆ་གང་དུ་ཕེབས་རིམ་བཞིན་ཀརྨ་ཚེ་བརྟན་གྱིས་ཏང་ཕྱིའི་མི་སྣའི་འཐུས་མི་དང་ཕན་ཚུན་མཇལ་དར་བསྒྲོན་ནས་བཀའ་མོལ་གནང་སྟེ་འཕེལ་རྒྱས་ཀྱི་སྐོར་གླེང་གནང་བ་དང་། ལས་ཀ་དང་། འཚོ་བ། སྐུ་གཟུགས་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་རྗེས་དྲན་ཞུས་ཏེ་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་བཏང་བ་རེད། ཀརྨ་ཚེ་བརྟན་གྱིས་ལོ་གཅིག་རིང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་ཏང་ཕྱིའི་མི་སྣའི་འཐུས་མིས་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་། རང་རང་སོ་སོའི་ཁྱབ་ཁོངས་དང་ལས་གནས་ཐོག་འགན་འཁྲི་ནན་ཏན་འཁུར་བ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།