དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་དང་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་དཔེ་བཟང་བའི་ནང་མིའི་འཐུས་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-05

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཉེ་ཆར་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་དང་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་དཔེ་བཟང་བའི་ནང་མི་ཁག་གཅིག་ལ་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་བྱ་གཞག་ཁག་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    ལིའུ་ཅང་གིས་སྔ་རྗེས་སུ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་འཇམ་དབྱངས་གཡུ་སྒྲོན་དང་། སྤེན་པ་ཚེ་རིང་། ཚེ་བརྟན་དོན་གྲུབ། ཞང་ཉི་རིག་དགའ། བསྟན་འཛིན་ཆོས་རྒྱལ་བཅས་ཀྱི་ཁྱིམ་དུ་ཕེབས་ནས། ཁོང་ཚོ་དང་མཉམ་དུ་ཏང་གི་བཀའ་དྲིན་སྐོར་གླེང་བ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་མ་ཟད། སྔོན་ཆད་ལ་ཕྱིར་དྲན་དང་འཕེལ་རྒྱས་སྐོར་གླེང་གནང་བ་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚེ་བརྟན་དོན་གྲུབ་ཀྱི་ཁྱིམ་དུ་ལིའུ་ཅང་གིས་ཚེ་བརྟན་དོན་གྲུབ་རྒན་ཡོལ་ཞུས་ནས་ལོ་20ལྷག་ཙམ་སོང་རིང་བྲིས་པའི་དཔེ་ཀློག་ཟིན་བྲིས་དེབ་13ཡོད་པ་མཐོང་རྗེས་སྤྲོ་སྣང་ཆེན་པོས་ཡང་ཡང་གཟིགས་ཤིང་། ཁོང་གིས། བློ་མཐུན་རྒན་གྲས་ཚོས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་མུ་མཐུད་སློབ་སྦྱོང་ཡག་པོ་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་ཧུར་ཐག་ཞུགས་ཏེ། བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་ལྷག་མ་འདོན་པ་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་དགྱེས་ཚོར་ཆེན་པོས་གསུངས་པ་རེད།

    དེ་རྗེས་ལིའུ་ཅང་གིས་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ་དཔེ་བཟང་བའི་ནང་མིའི་འཐུས་མི་ཉི་མ་གཡང་འཛོམས་དང་ཚེ་རིང་ནོར་བུར་གཟིགས་པ་དང་འབྲེལ། ཁོང་ཚོར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་སྤྲད་པའི“བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མཚན་བྱང”གི་གཟི་བརྗིད་མཚན་སྙན་ལག་ཁྱེར་གནང་བ་རེད།

    ལིའུ་ཅང་གིས། བདེན་པའི་རྒྱབ་ལངས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་རེད། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་དཔེ་བཟང་བ་དང་ཁོང་ཚོའི་ནང་མིར་སྔར་རྒྱུན་བཞིན་སེམས་ཁུར་དང་གཅེས་སྐྱོང་བྱས་ནས། ཁོང་ཚོར་དཀའ་ངལ་དངོས་སེལ་རོགས་ཧུར་ཐག་བྱས་ཏེ་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་དཔེ་བཟང་བས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་སྤྱི་ཚོགས་ཀྱི་བརྩི་འཇོག་ཚོར་ཐུབ་པར་བྱེད་དགོས། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་དཔེ་བཟང་བའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་སྤྱི་ཚོགས་ཀྱི་དྲང་བདེན་དར་སྤེལ་ཤུགས་ཆེན་བཏང་ནས་མི་ཚང་མས་བདེན་པའི་རྒྱབ་ལངས་ལ་གོང་བཀུར་དང་། བདེན་པའི་རྒྱབ་ལངས་ལ་རྒྱབ་སྐྱོར། བདེན་པའི་རྒྱབ་ལངས་བྱེད་ཕོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་དེ་དཔའ་བོར་གོང་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོ་བརྩོན་ལེན་བཅས་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་སྲོལ་བཟང་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།