ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་མ་ཟད། བདེ་འཇགས་ཐོན་སྐྱེད་དང་དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཁྲིམས་འཛིན་པུའི་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཡོན་ཧྲེང་ཆེད་དོན་ཟུར་ཁྲིད་ལ་གདན་དྲངས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལ་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་གསལ་འགྲེལ་བྱས་ཤིང་། ཚོགས་འདུའི་ཐོག“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་ལེན་རྣམ་དག་བྱེད་པའི་མཐོ་ཚད་ནས། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས། ཆབ་སྲིད་ཀྱི་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། ཏང་གི་འགོ་ཁྲིད་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་དང་གཏན་འབེབས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། མི་དམངས་ཀྱི་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། མི་དམངས་ལ་དངོས་ཕན་ཐོབ་མིན་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་ཐུབ་མིན་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་ལ་ཚད་འཇལ་བའི་ཚད་གཞིར་བརྩི་བ་དང་། ལས་ཀའི་ཕན་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདུན་དངོས་ཐག་གཅོད་བྱེད་པའི་ཐོག་ནས་མཚོན་པར་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས། གཞུང་དྲང་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། བཅའ་ཁྲིམས་ཀྱི་འདུ་ཤེས་དང་གོ་རིམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དྲང་གཞག་དྲང་བདེན་དེ་བས་ཚོར་བ་བྱེད་དགོས། མཐུན་སྦྱོར་རང་བཞིན་ཁོང་དུ་ཆུད་པར་བྱས་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དོན་འཁྱོལ་བྱ་རྒྱུ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཏེ་སྲིད་འཛིན་གྱི་རྩོད་གཞི་འབྱུང་རྩ་ནས་སེལ་དགོས། སྲིད་འཛིན་བསྐྱར་གྲོས་ཀྱི་ལྟ་སྐུལ་ནུས་པ་རང་འགུལ་ངང་བཏོན་ནས་སྲིད་འཛིན་ཐབས་ཇུས་ཀྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་ལྡོག་སྐུལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
ཚོགས་འདུར་རྩ་དོན་ཐོག་མོས་མཐུན་བྱས་པའི《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང་གཙོ་བོ་དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ཀྱི་ཁོར་ཡུག་ལེཌ་སུ་ཤུཌ་ཆེན་གཏོང་བ་དང་། དམངས་ཁྲོད་མ་འཇོག་ལ་རྒྱབ་སྐྱོར་བྱེད་ཤུཌ་ཆེ་རུ་གཏོང་བ། དམངས་ཁྲོད་མ་འཇོག་གི་མ་དངུལ་བསྡུ་སྒྲིལ་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དམངས་ཁྲོད་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེ་བཞིན་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཕྱོགས་6ཐད་ཀྱི་བྱ་ཐབས་23ཚུད་ཡོད་པ་རེད།