དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་དཔེ་བཟང་སྔོན་ཐོན་མི་སྣ་དང“རྒན་གྲས་གསུམ”གྱི་མི་སྣར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-05

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་དང་། སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་རིག་ཚན་སྣེ་ཁྲིད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ངལ་རྩོལ་དཔེ་བཟང་གི་སྔོན་ཐོན་པ། བོད་ཀྱི་བཟོ་བོ། རྩལ་ནུས་ཤེས་ལྡན་པ་བཅས་དང་དེ་བཞིན“རྒན་གྲས་གསུམ”གྱི་མི་སྣར་འཚམས་འདྲི་གནང་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་སུ་ཡན་ཅིན་ཧའེ་ཡིས་རིག་ཚན(གཙོ་གནད་ལས་གྲྭའི་རྣམ་གྲངས)སྣེ་ཁྲིད་པ་དབང་འདུས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་ལི་པིང་ཀྲང་། ངལ་རྩོལ་དཔེ་བཟང་གི་སྔོན་ཐོན་མི་སྣ་ཚེ་རིང་མཚོ་མོ། བོད་ཀྱི“རྒྱལ་ཁབ་ཆེན་པོའི་བཟོ་བོ”མུའུ་ཡུང་ཆི། རྩལ་ནུས་ཤེས་ལྡན་པ་ཁྲི་བཙུན་རབ་བརྟན་བཅས་དང་ཕྱག་བཏང་གནང་སྟེ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་2023ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་ལས་དོན་ཏན་ཏིག་སྤེལ་ནས། བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཁག་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་དམིགས་བསལ་ཐུགས་ཁུར་གནང་བ་དང་། རྩ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་ཐུག་པ་དང་། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་ཡར་བརྩོན་བྱས་པའི་འབྲས་བུ་ཡིན་ལ། དཔེ་བཟང་སྔོན་ཐོན་མི་སྣ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་ཀྱང་མེད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཏང་ཡོན་རྒན་གྲས་ཟླ་བའི་ཁྱིམ་དུ་ཕེབས་ནས་ཁ་བཏགས་བསྒྲོན་པ་དང་འཚམས་འདྲིའི་དངོས་པོ་གནང་བ་དང་། བདེ་སྡུག་བཀའ་འདྲི་གནང་ནས་དམངས་འཚོའི་དོན་དག་མཁྱེན་རྟོགས་གནང་བ་མ་ཟད། ཁོང་གིས་ཏང་གི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། དུས་ཆེན་གྱི་སྔ་ནུབ་ཏུ་ང་ཚོས་ཚང་མར་འཚམས་འདྲི་བྱས་པ་ནི་གཞི་རིམ་ཏང་ཡོན་གྱི་འཚོ་བའི་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པ་ཞིག་ཡིན་ལ། རྒྱ་ཆེའི་ཏང་ཡོན་ཚོས་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་པ་ཞིག་ཀྱང་ཡིན། རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལྷག་པར་དུ་གཞི་རིམ་གྱི་ཏང་ཡོན་རྒན་གྲས་ཀྱིས་གཟུགས་པོར་བདག་གཅེས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་པ་ལྷག་མ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཅས་གང་ལེགས་བཏོན་ནས་རྒྱ་ཆེའི་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།