རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་མོལ་ཚོགས་འདུ་དང་ཡན་ལག་དམག་ཁུལ་ཁང(ཉེན་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་དང་ལིའུ་ཅང་ཚོགས་འདུར་ཞུགས་པ།
ཟླ་2ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་མོལ་ཚོགས་འདུ་དང་ཡན་ལག་དམག་ཁུལ་ཁང(ཉེན་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་སྲུང་སྐུལ་སློང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དམག་དཔུང་དང་ས་གནས་མཉམ་སྐྲུན་གཏིང་ཟབ་ཏུ་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ལིའུ་ཅང་། ཝང་ཁའེ། དབྱིན་ཧུང་ཤིང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་རྒྱལ་སྲུང་སྐུལ་སློང་ལས་དོན་སྤེལ་ཚུལ་སྐོར་བརྡ་ཁྱབ་བཏང་བ་དང་། ཡན་ལག་དམག་ཁུལ་ཁང་ཁག(ཉེན་སྲུང་དམག་ཁུལ་ཁང)གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོས་འགན་འཁྲི་སྒྲུབ་ཚུལ་ཉན་པ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་དཔྱད་བརྗོད་བཅས་བྱས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། 2023ལོར་ལྗོངས་ཡོངས་ཀྱི་དམག་དཔུང་དང་ས་གནས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིཌ་པ། “འཛུཌ་གཏོད་བཞིར”ཤུཌ་རྒྱག་པ། འགན་འཁྲི་ནན་ཏན་ངང་སྒྲུབ་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། བསམ་བློ་ཆབ་སྲིད་འཛུཌ་སྐྱོང་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག རྒྱལ་སྲུང་སྐུལ་སློང་གྲ་སྒྲིག རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བཅས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད་ལ། རྒྱལ་སྲུང་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་ནུས་ལྡན་ཡང་བཏང་ཡོད།
བོད་དུ་བཅའ་སྡོད་རྒྱ་ཆེའི་དཔོན་དམག་ཚོས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་མི་དམངས་ཕ་མར་བརྩིས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ཤིང་། བརྟན་ལྷིང་སྲུང་སྐྱོང་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད། ཉེན་སེལ་རྒུད་སྐྱོབ། མཐའ་སྟོབས་མཐའ་སྲུང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ནང་སྟོབས་གསར་དམག་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་བཏོན་ཡོད་ལ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་སྐྱེས་སུ་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་དངོས་འབྲེལ་ཐུབ་པར་བྱེད་པ། དེ་བཞིན་སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་པར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལུགས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཕན་འབྲས་ངོ་མར་བསྒྱུར་ནས་དམག་དཔུང་འཛུགས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམག་དཔུང་དང་ས་གནས་མཉམ་ལས་གཏིང་ཟབ་བྱེད་པ་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྲུང་སྐུལ་སློང་གི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ། ཁྱབ་ཁོངས་ཁག་དང་ས་ཁོངས་ཁག་གི་སྐུལ་སློང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་སྲུང་སྐུལ་སློང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྲུང་སྐུལ་སློང་གི་ཕྱོགས་བསྡུས་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཡུལ་དམག་གི་གྲུབ་ཆའི་བཀོད་པ་ལེགས་སུ་གཏོང་བ། དམག་བསྡུའི་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་དང“ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཡི་ཆ་སྒྲིག་མཉམ་སྐྲུན་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཞབས་ཞུ་དམག་དམངས་ཀྱིས་མཉམ་སྤྱོད་དང་། སྤྱི་པའི་བདེ་འཇགས་དམག་དམངས་ཀྱིས་སྤྱི་འདོམས། མི་ཤུགས་ཐོན་ཁུངས་དམག་དམངས་ཀྱིས་མཉམ་སྤྱོད། འགག་རྩའི་ཁྱབ་ཁོངས་དམག་དམངས་ཀྱིས་མཉམ་སྐྲུན་བཅས་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མཐའ་སྟོབས་མཐའ་བརྟན་གྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་མཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་བརྩི་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་དང་། གནད་ཆེའི་རྒྱུ་རྐྱེན། རྣམ་གྲངས་གསུམ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱིས་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པའི་རྒྱལ་སྲུང་སློབ་གསོའི་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞོན་ནུ་སློབ་མའི་རྒྱལ་སྲུང་འདུ་ཤེས་གསོ་སྐྱོང་ལ་ཤུགས་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་རྒྱབ་སྐྱོར། དམག་མིར་བརྩི་བཀུར་བཅས་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།
ཝང་ཅུན་ཀྲེང་གིས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་ལེན་ནུས་ལྡན། དམག་དཔུང་དང་ས་གནས་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། རིམ་པ་བཞིན་འགན་འཁྲི་སྒྲུབ་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་སྲོལ་དྲག་ཆས་ལས་ཀའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་ཏན་ཏིག་བྱེད་དགོས། ཡན་ལག་དམག་ཁུལ་ཁང་ཁག(ཉེན་སྲུང་དམག་ཁུལ་ཁང)གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོས་ཏང་གིས་དྲག་ཆས་ལ་དོ་དམ་གྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་སྟེ་སྲིད་ཇུས་དོན་འཁྱོལ་དང་། ལས་དོན་སྐུལ་འདེད། ལམ་ལུགས་ལག་བསྟར་བཅས་དམིགས་སར་འབྱོར་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཐུན་སྦྱོར་དང་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།