དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ལྗོངས་ཏང་ཨུད་རྩ་འཛུགས་པུའི“དུས་ཆེན་ཆེན་པོ་གསུམ”རིང་གི་འཚམས་འདྲིའི་ལས་དོན་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-03

    ཚེས་1ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ནས“དུས་ཆེན་ཆེན་པོ་གསུམ”རིང་གི་འཚམས་འདྲིའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཏང་དངུལ་གཏོང་སྤྲོད་བྱས་ཏེ་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་སོགས་ཀྱི་ཚོགས་སྤྱིར་འཚམས་འདྲི་དང་། གཞུང་དོན་ལ་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ཁྱིམ་ཚང་ལ་རོགས་སྐྱོར། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པས་ཏང་ཡོན་གྱི་ཁས་ལེན་བྱས་པ་ཁ་དན་ཚིག་ལ་གནས་པ་དང་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་སྒྲུབ་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་ཁ་གསབ་སྤྲོད་པ་སོགས་ཀྱི་ཐད་སྤྱོད་པའི་གཏན་འབེབས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས། མི་སེམས་འགུལ་བར་སྔོན་ལ་བརྩེ་བ་མཚོན་དགོས། འཚམས་འདྲི་བྱེད་པ་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་རེད་ལ། འབྲེལ་བ་ཟབ་ཏུ་གཏོང་བ་དང་། བསམ་འཆར་ཉན་པ། དཀའ་ངལ་སེལ་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོའི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་བྱས་ནས་སྤྱོད་པ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་ལག་ལེན་བསྟར་བ། སེམས་ནུས་ཡོད་རྒུ་བཏོན་ནས་འཚམས་འདྲིའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས། འཚམས་འདྲིའི་ཆབ་སྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་མང་ཚོགས་ལ་རྒྱལ་གཅེས་ཀྱི་བརྩེ་སེམས་འཆང་བ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་ཞུན་བརྡར། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་ལག་བསྟར་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།