དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་2024ལོའི་ལྗོངས་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-03

    ཟླ་1ཚེས་31ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་2024ལོའི་ལྗོངས་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། 2024ལོའི་གཙོ་གནད་ལས་དོན་གྱི་ལས་འགན་ཞིབ་འཇུག་བཀོད་སྒྲིག་དང་། དམིགས་ཚད་སྔར་བས་དབྱེ་ཞིབ་དང་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ཁག་བགོས་ཁ་གསལ་བཟོ་བ་བཅས་གནང་བ་རེད།

    རེན་ཝེ་ཡིས། བཟོ་ལས་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2024ལོའི་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་འཕར་ཐང་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་ཚང་མའི་དམིགས་ཚད་10%འཕར་བ་བྱེད་རྒྱུ་ཡིན་པ་ཁ་གསལ་བཏོན་པ་དང་། གྲོང་ཁྱེར(ས་ཁུལ)དང་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་། མ་རྩ་གང་མགྱོགས་འཇོག་པ། ཁེ་ལས་ཀྱི་ནུས་པ་ཆེ་རུ་དང་། ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་བཅས་ལ་དམིགས་ཏེ། ཇུས་འགོད་གནད་སྨིན་དང་། རྒྱབ་སྐྱོར་ཚགས་ཚུད། བཀོད་གཏོང་གནད་སྨིན་བཅས་དང་། འཕར་ཚད་ཆེར་གཏོང་དང་། གསོག་འབོར་མང་གཏོང་། འགྱུར་ཚད་སྐུལ་སློང་བཅས་བྱས་ཏེ་ལོ་འཁོར་མོའི་ཐོན་ལས་ཀྱི་དམིགས་ཚད་དུས་བཀག་བཞིན་ལེགས་གྲུབ་དང་དུས་ཚིགས་དང་པོའི་དམིགས་ཚད་ལ་འགོ་བཙུགས་མ་ཐག་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།