དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ལྗོངས་ཀྱི་ཏང་ཕྱིའི་མི་སྣའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-03

    ཚེས་1ཉིན་ལྗོངས་ཡོངས་ཀྱི་ཏང་ཕྱིའི་མི་སྣའི“བློ་སྒྲིལ་སེམས་སྐྱེད་རྨང་གཞི་བརྟན་དུ་གཏོང་། མཐུན་སྒྲིལ་འབད་འཐབ་རྒྱང་ལམ་གསར་པ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་ཕྱོགས་སྡོམ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་ཐོབ་པའི་ཕན་འབྲས་དང་གྲུབ་འབྲས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཡུས་ཡུན་ཀུའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཕྱིའི་མི་སྣས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེར་གཏོང་དང་བློ་སྒྲིལ་སེམས་སྐྱེད་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཆབ་སྲིད་ཐད་ཀྱི་རྩིས་སྤྲོད་རྩིས་ལེན། རང་ངོས་འཛུགས་སྐྱོང་ལ་སྐུལ་གཏོང་དང་རྨང་རྩ་གཉིས་བརྟན། སྦྱོང་སྤྱོད་ཟུང་འབྲེལ་ཡག་པོ་དང་རང་འགན་གཙང་སྒྲུབ་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་ལ་བརྟེན་ནས་རྒྱ་ཆེའི་ཏང་ཕྱིའི་མི་སྣའི་སྣེ་ཁྲིད་དེ་ལྟེ་བ་གནས་ས་དང་སྤྱི་ཡོངས་ཀྱི་དགོས་མཁོ་དང་རང་ངོས་ཀྱི་ལེགས་ཆ་ཟུང་འབྲེལ་ཏན་ཏིག་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་རྩ་བར་བྱེད་པ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས། ཏང་ཕྱིའི་མི་སྣ་རྒན་རབས་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ལས་དམ་ཟབ་བྱེད་པའི་ཕུལ་བྱུང་གི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།