ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི“གཞི་རིམ་དུ་སྤྲོ་སྣང་སྦྱིན་པའི”འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་གཉེར་བ།
ཝང་ཅུན་ཀྲེང་གིས་འཁྲབ་སྟོན་ལ་གཟིགས་པ་དང་། ཤེ་ལི་དང་ལིའུ་ཅང་ཞུགས་པ།
ཉིན་ཤས་གོང་། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི“གཞི་རིམ་དུ་སྤྲོ་སྣང་སྦྱིན་པ”ཞེས་བོད་དུ་འཚམས་འདྲི་བྱེད་པའི་འཁྲབ་སྟོན་བྱེད་སྒོ་ལྷ་སར་གཉེར་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་འགོ་ཁྲིད་དང་ལས་བྱེད་པ་ཚོས་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད། འཁྲབ་སྟོན་འགོ་མ་ཚུགས་གོང་། ཝང་ཅུན་ཀྲེང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཤེ་ལི་དང་སྒྱུ་རྩལ་མཁས་ཅན་གྱི་འཐུས་མི་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉིན་ཤས་གོང་། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི“གཞི་རིམ་དུ་སྤྲོ་སྣང་སྦྱིན་པ”ཞེས་བོད་དུ་འཚམས་འདྲི་བྱེད་པའི་འཁྲབ་སྟོན་བྱེད་སྒོ་ལྷ་སར་གཉེར་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་འགོ་ཁྲིད་དང་ལས་བྱེད་པ་ཚོས་མང་ཚོགས་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
འཁྲབ་སྟོན་འགོ་མ་ཚུགས་གོང་། ཝང་ཅུན་ཀྲེང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཤེ་ལི་དང་དེ་བཞིན་སྒྱུ་རྩལ་མཁས་ཅན་གྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ལིའུ་ཅང་དང་། དབང་ཧའེ་ཀྲོའུ། རེན་ཝེ། ཤའོ་ཡིའུ་ཚའེ། ལེགས་མཆོག་བཅས་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་ཤེ་ལི་དང་བཅས་པ་ཆེད་མངགས་བོད་དུ་འཚམས་འདྲིའི་འཁྲབ་སྟོན་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་པ་རེད། ཁོང་གིས། མིག་སྔར་བོད་ཀྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལག་ལེན་གསར་པར་གཞི་ཚུགས་ཏེ་རིག་རྩལ་གྱི་བརྗོད་དོན་གཙོ་བོའི་གསར་རྩོམ་དང་རིག་གནས་ཐོན་རྫས་གསར་གཏོད་གཏིང་ཟབ་བྱས་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས་རིག་གནས་འཛུགས་སྐྱོང་ཐད་སྔར་བྱུང་མྱོང་མེད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།
ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་མུ་མཐུད་བོད་ལ་ཐུགས་ཁུར་དང་བོད་དུ་ཕེབས་ཏེ་རང་ངོས་ཀྱི་ཆེད་ལས་ཀྱི་ལེགས་ཆ་བཏོན་ནས་བོད་ཀྱི་རིག་གནས་དྲིལ་བསྒྲགས་འོས་སྦྱོར་དང་། རིག་རྩལ་གསར་རྩོམ། རིག་གནས་དམངས་ཕན། ཤེས་ལྡན་པ་གསོ་སྐྱོང་སོགས་ལ་རྒྱབ་སྐྱོར་དེ་བས་མང་བ་གནང་སྟེ་བོད་ཀྱི་རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་དར་རྒྱས་དང་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། སྒྱུ་རྩལ་མཁས་ཅན་རྣམ་པས་བོད་ཀྱི་ས་གཞི་ཆེན་པོ་འདི་རིག་རྩལ་གསར་རྩོམ་གྱི་རྟེན་གཞིར་བརྩིས་ནས་བོད་ཀྱི་ཁྱད་ཆོས་མཚོན་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཟོལ་མེད་ཞུ་ཡི་ཡིན་ཞེས་གསུངས་པ་རེད།
ཤེ་ལི་ཡིས། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་རྩ་འཛུགས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཚོན་པའི་བརྩམས་ཆོས་སྤུས་དག་ཁག་གཅིག་སྒྲིག་འཛུགས་དང་གསར་རྩོམ་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།
འཁྲབ་སྟོན་ལེ་ཚན་ཧྲིལ་པོ་དཔེ་གསར་དང་ཚགས་དམ་ལ། གར་སྟེགས་ཀྱི་སྒྱུ་རྩལ་མཛེས་ཉམས་དོད་པ་དང་། ཕུལ་བྱུང་གི་གླུ་གར་དང་བརྩམས་ཆོས་གསར་པ་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། དགའ་སྤྲོ་འཁོལ་བ་དང་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།