དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བོད་དུ་དྲོ་སྐྱིད་སྦྱིན་པ་དང་བརྟག་ཞིབ་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-01

    ཚེས་28ཉིན་དང་ཚེས་29ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཏང་ཙུའི་ཁོངས་མི་ཀྲང་ཤིན་ཝུའུ་དང་བཅས་པས་བོད་དུ་དྲོ་སྐྱིད་སྦྱིན་པ་དང་བརྟག་ཞིབ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིང་ལྷ་ས་གྲོང་ཁུལ་གྱི་དྲོ་སྐྱིད་སྦྱིན་པ་དང་བརྟག་ཞིབ་འཚམས་འདྲིའི་བྱེད་སྒོར་ཞུགས་པ་རེད།

    བརྟག་ཞིབ་འཚམས་འདྲི་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་ལྷ་ས་དང་ཉིང་ཁྲིར་བརྟག་ཞིབ་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། ས་ཆ་གཅིག་ཏུ་སླེབས་རིམ་བཞིན་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། དཀའ་ངལ་ཡོད་པའི་ལས་བཟོ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ། འཐབ་ཕྱོགས་དང་པོའི་ལས་བཟོ་བཅས་ལ་འཚམས་འདྲི་བྱས་པ་མ་ཟད། འཚམས་འདྲིའི་དངུལ་སྤྲད་པ་དང་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་ནས། ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་ལུགས་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོ་སྐྱིད་སྦྱིན་ལུགས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།