དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་གི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིའི་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུའི་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་དང་ལིའུ་ཅང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-30

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་གི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིའི་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུའི་ཚོགས་འདུ་འཚོགས་པ་རེད།

    ཡན་ཅིན་ཧའེ་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག ས་ཁུལ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་གི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིས་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུ་བྱས་པ་རེད། ཝང་ཅུན་ཀྲེང་གིས་རེ་རེ་བཞིན་དཔྱད་བརྗོད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། 2023ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོབ་ཡོད། འདི་ལོའི་ལྗོངས་ཡོངས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་རིམ་ཁག་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་ལྷག་པར་དུ་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བློ་རྩ་བརྟན་པོར་བརྟེན་ནས་འགག་རྩའི་འགན་འཁྲི་སྒྲུབ་པ་དང་། འགག་རྩའི་ནུས་པ་འདོན་པ། འགག་རྩའི་སྣེ་ཁྲིད་པ་ཡག་པོ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་དང་འགན་འཁྲི་དངོས་སྒྲུབ་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ལྷག་བསམ་རྣམ་དག་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གསར་གཏོད་རིགས་གཞུང་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། ནང་ངོས་གཞན་སྒྱུར་ཐད་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། སློབ་སྦྱོང་ངོ་མ་དང་། དངོས་འབྲེལ་ཤེས་པ། ཡིད་ཆེས་ངོ་མ། བེད་སྤྱོད་ངོ་མ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བས་ལེགས་པའི་སྒོ་ནས་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནན་པའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་གཏོད་པ། རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཀའ་སྤྱད་སྙིང་རུས་དང་དམ་པ་དོན་གཉེར་བྱེད་པར་ཁྲིད་སྟོན་བྱེད་དགོས། རང་ངོས་གསར་བརྗེར་བརྟེན་ནས་རུལ་སུངས་ལ་ཆད་གཅོད་དང་ལྐོག་ཟ་བྱེད་མཁན་བཅོས་སྒྲིག་ནན་པོ་བྱ་རྒྱུ་མཐའ་འཁྱོངས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། “ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་རུལ་རྒོལ་ངན་འདོམས་བྱེད་པ།“གཙོ་འགན་འཁུར་མཁན”གྱི་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། རུལ་རྒོལ་གཙང་སྤེལ་གྱི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། ཏང་ཡོན་ལས་བྱེད་པར་རུལ་རྒོལ་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་རྒྱུའི་ཁྲིད་སྟོན་བཅས་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བར་བརྟེན་ནས་གནོན་ཤུགས་བརྒྱུད་སྤྲོད་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་པ་དང་ལག་ལེན་བསྟར་བ། རང་འཁྲིའི་ལས་གནས་ཐོག་ཆབ་སྲིད་དོན་གཉེར་དང་འགན་འཁྲི་འཁུར་བ། ཚན་ཁག་ལ་དོ་དམ་ཡག་པོ་དང་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་པ། སྤྱོད་གཙང་གི་མཐའ་ཚད་ནན་པོ་སྲུང་བ། ཁྱིམ་སྲོལ་དང་ཁྱིམ་ཚང་གི་སློབ་གསོ་ནན་དུ་གཏོང་བ་བཅས་བྱས་ནས་ཁྱིམ་སྲོལ་བཟང་པོར་བརྟེན་ཏེ་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་ཁྲིད་བྱེད་དགོས། ཏང་སྐྱོང་བའི་ཕན་འབྲས་ལ་བརྟེན་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ་ཏང་ཨུད་ཀྱིས་ཁ་ཕྱོགས་ལ་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་འགོད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གང་ལེགས་འདོན་པ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། ལྗོངས་ཐད་གཏོགས་ཚན་པ་ཁག་གཅིག་གི་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།