དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་2023ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་གྱི་འགན་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་དང་ལིའུ་ཅང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-29

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

     ཟླ་1ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ས་ཁུལ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་2023ལོའི་ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་གྱི་འགན་སྒྲུབ་གསལ་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའི་རྩ་འཛུགས་ཅུས་གཉིས་པའི(གཞི་རིམ་གཞུང་ལས་ཁང)ཅུས་ཀྲང་གཞོན་པ་དང་རིམ་པ་དང་པོའི་སྐོར་གཟིགས་པ་ཡའོ་ཡོན་གྱིས་ཚོགས་འདུར་མཛུབ་ཁྲིད་དང་དཔྱད་བརྗོད་གནང་བ་རེད།

    ཚོགས་འདུའི་ཐོག ས་ཁུལ་ཁག་གི་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁོངས་གཏོགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་སྐོར་གྱི་འགན་སྒྲུབ་གསལ་ཞུ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་ཏན་ངང་གསན་པ་དང་འབྲེལ་རེ་རེ་བཞིན་དཔྱད་བརྗོད་གནང་བ་མ་ཟད། གྲུབ་འབྲས་ཁས་ལེན་དང་། མི་འདང་སར་དབྱེ་ཞིབ། སླད་ཕྱིན་གྱི་འབད་འཐབ་ཁ་ཕྱོགས་གསལ་སྟོན་བཅས་གནང་བ་རེད། ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་ནང་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ་མཐའ་འཁྱོངས། འཕེལ་རྒྱས་ལ་དམིགས་ནས་ཏང་འཛུགས་སྐྱོང་དམ་འཛིན་དང་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་རྟོགས་ངང་ཏང་འཛུགས་སྐྱོང་ལས་དོན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་གྲུབ་འབྲས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྲུབ་འབྲས་ལ་ཏན་ཏིག་བསྒྱུར་བ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་རྩ་འཛུགས་འཛུགས་སྐྱོང་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་གཙོ་གནད་མངོན་གསལ་དོད་པོ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དུས་རབས་གསར་པའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཇུས་བསྟར་བྱས་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། གྲོང་ཁྱེར་འཛུགས་སྐྲུན་དོ་དམ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ། “ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན། གསར་དར་ཁྱབ་ཁོངས་སོགས་ཐད་ཀྱི་ཆབ་སྲིད་དང་བསམ་བློའི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་སའི་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། དཔུང་ཁག་སྟོབས་ཆེར་གཏོང་བ་དང་འཇོན་ཐང་ཆེ་རུ་བཏང་ནས་ཏང་ཡོན་གྱི་འགག་སྒོ་ནན་པོར་སྲུང་བ་དང་། ཏང་ཡོན་གྱི་རྒྱུན་གཏན་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་ཧྲག་པོ་གཏོང་བ་དང་ཡག་པོ་སྤྱོད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་དེང་རབས་སྤྱི་ཚོགས་ནང་ཞུགས་པའི་འཇོན་ཐང་སྔར་བས་ཆེ་རུ་གཏོང་དགོས། ནུས་པ་འདོན་སྤེལ་དང་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་དང་རྨང་གཞིར་དམ་འཛིན་བྱེད་པའི་ཁ་གསལ་སྟོན་ཕྱོགས་འཛུགས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག གཞི་རིམ་གྱི་བཅོས་སྐྱོང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་དུ་སྤེལ་བ་དང་གཞི་རིམ་དུ་སྒྲུབ་པ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་དུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་ཏང་འཛུགས་སྐྱོང་གི་ལས་དོན་དང་ལས་སྒོའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་བཅས་མཐའ་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ནན་ཏན་འཁུར་བ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་རང་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་བྱེད་པ་ནི་ལས་གོ་མི་འཕེར་བ་ཞིག་ཡིན་པ་བཅས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་གཞིག་གསར་གཏོད་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། དུས་བབ་གསར་པའི་འོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་སྲ་བརྟན་དུ་གཏོང་བ། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། ལས་ཀའི་ཞན་ཆ་སེལ་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་གྱིས་ཐག་གཅོད། དུས་བབ་གསར་པའི་འོག་སྤྱོད་གོ་ཆོད་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་དང་། ཇི་མ་ཇི་བཞིན་དུ་དོན་འཁྱོལ་ལ་དམ་འཛིན། དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོར་འདེགས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།