ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཤིས་ཚིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།
ཚེས་26ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཤིས་ཚིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་བཅས་ཀྱི་ཉེ་དུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལྟར་འགན་འཁྲི་ཤེས་རྟོགས་དང་འགན་འཁྲི་འཁུར་བ་དང་། ཉེན་བརྡ་རྒྱུན་དུ་གཏོང་བ། “བདེ་འཇགས་ཀྱི་དོན་དག་ཡིན་ཕྱིན་ཐམས་ཅད་དོན་ཆེན་ཡིན་པ”དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་འཆང་བ། བདེ་འཇགས་ཐོན་སྐྱེད་ཀྱི་བསམ་བློའི་འགོག་རགས་དང་ལས་ཀའི་འགོག་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཚད་མཐོའི་རིག་པ་དྭངས་གསལ་དང་། ཚད་མཐོའི་དོགས་ཟོན། ཚད་མཐོའི་གཟབ་ནན་བཅས་ཀྱི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་གཏན་ལ་འཁེལ་བའི་ལས་དོན་གྱི་བླང་བྱ་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དང་། སྡེ་ཚན་ལྟ་འདོམས་ཀྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། ལས་བཟོའི་ལས་གནས་ཀྱི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། དཔྱད་ཞིབ་དང་། འགན་འཁྲི་བདའ་འདེད། བསྒྲུབ་རྒྱུར་ལྟ་སྐུལ། སྐོང་འདྲི་སོགས་ཀྱི་བྱ་ཐབས་ཡག་པོ་སྤྱོད་པ། མང་ཚོགས་ལ་དྲིལ་བསྒྲགས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ལ་སེམས་ཁུར་དང་། བདེ་འཇགས་ལ་མཐོང་ཆེན། བདེ་འཇགས་ལ་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
ཡན་ཅིན་ཧའེ་ཡིས་བསྟན་དོན། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད“ནམ་ཡང་ཚར་དུས་མེད་པ་དང་མཚམས་འཁྱུག་ཙམ་ཡང་འཇོག་མི་རུང་བ”དང“འབྲེལ་བ་མེད་པའི་མི་མེད་པར་ཚང་མ་འགན་འཁྲི་ཡོད་མཁན་ཡིན་པ”བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་དང་རྒྱུན་སྲིང་ལྷོད་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཡན་ཅིན་ཧའེ་ཡིས་བསྟན་དོན། ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། དངུལ་རྩའི་ལས་དོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་དང་། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག ལོ་གསར་པའི་ལས་དོན་བཅས་དང་ཟུང་འབྲེལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས།