དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལྕགས་ར་བློ་བཟང་བསྟན་འཛིན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-29

     ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སིའི་ཁོངས་གཏོགས་ཀྱི་གྲོང་དབུས་འདྲེན་གཏོང་པུའུ་དང་། “མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས། ལྷ་ས་སྦྲག་ཁུལ་ལྟེ་བའི་ཅུས་སོགས་ལ་སྔ་རྗེས་སུ་ཡོང་ནས་ཐུམ་སྒྲིལ་སྐྱེལ་འདྲེན་སྒྲིག་ཆས་འཁོར་རྒྱུག་གནས་ཚུལ་དང་། འཕྲིན་ཡིག་སྦྲག་བསྐུར། དེ་བཞིན་མྱུར་སྐྱེལ་འདྲེན་གཏོང་དང་བརྒྱུད་འདྲེན་བརྒྱུད་རིམ་བཅས་ཀྱི་སྐོར་ཞིབ་ཕྲ་དྲིས་པ་དང་། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གྲངས་འཛིན་ཅན་གྱི་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། འཐབ་ས་དང་པོའི་ལས་གནས་ཀྱི་སྦྲག་སྲིད་ལས་དོན་པར་འཚམས་འདྲི་ཡང་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཐོག་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྐུར་སྐྱེལ་ཐབས་ལམ་གྱི་བདེ་འཇགས་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཚན་རྩལ་སྣེ་ཁྲིད་དང་གྲངས་འཛིན་ནུས་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་བ། སྦྲག་སྲིད་ལས་སྒོ་གྲངས་འཛིན་ཅན་གྱི་ཕྱོགས་སུ་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།